དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་དཔེ་སྟོན་ཁུལ་གྱིས་ནེ་པ་ལར་རིག་གནས་ཡུལ་སྐོར་དང་དཔལ་འབྱོར་ཚོང་དོན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-28

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ——ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་གནས་དཔལ་འབྱོར་ཚོང་དོན་མཉམ་ལས་དཔེ་སྟོན་ཁུལ་གྱིས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་རིག་གནས་ཡུལ་སྐོར་དང་དཔལ་འབྱོར་ཚོང་དོན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་ནས། ནེ་པ་ལ་ཕྱོགས་དང་མཉམ་ལས་དེ་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

    ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དཔེ་སྟོན་ཁུལ་དོ་དམ་ཨུ་ལྷན་གྱིས་གཙོ་གཉེར་བྱས་ཤིང་། དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལི་ཀང་གིས་འོས་སྦྱོར་ཚོགས་འདུར་ཤིས་ཚིག་སྒྲོན་སྐབས། ད་ལོ་ནི་ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བཟུང་ནས་ནེ་པ་ལའི་ཕྱོགས་ཁག་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་དང་རིག་གནས་ཡུལ་སྐོར་སྤུས་ལེགས་གཏོད་པ་སོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་དང་ནེ་པ་ལའི་ཚོང་ལས་དང་ཡུལ་སྐོར་ལས་རིགས་ཀྱི་མི་སྣས་མཉམ་ལས་ཟབ་ཏུ་གཏོང་བའི་ཐད་ལྟ་ཚུལ་མཉམ་སྤྱོད་བྱས་པ་རེད། འོས་སྦྱོར་ཚོགས་འདུར་ད་དུང་ཕྱོགས་གཉིས་པོས་མཉམ་ལས་གྲོས་མཐུན་ཁག་གཉིས་བཞག་ནས། ཇ་ཚོང་དང་རིག་གནས་ཡུལ་སྐོར་སྤེལ་རེས་སོགས་ཀྱི་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་སྔར་བས་རྒྱ་སྐྱེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།