ཟམ་ཆེན་བསྐྲུན་པ།
དབྱི་ལའེ་མྱུར་བགྲོད་གཞུང་ལམ་ནི་ཧུའུ་པེ་ཞིང་ཆེན་དབྱི་ཏུའུ་གྲོང་ཁྱེར་ནས་འགོ་ཚུགས་པ་དང་ཨེན་ཧྲི་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ལའེ་ཧྥུང་རྫོང་བར་བསྐྲུན་ཡོད། དབྱི་ལའེ་མྱུར་བགྲོད་གཞུང་ལམ་དབྱི་ཁྲང་དུམ་བུའི་ལམ་ཐིག་ཧྲིལ་པོའི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་པའི་ཁྲའེ་པུའུ་ཤིས་ཟམ་ཆེན་ནི་ཁྲའེ་པུའུ་ཤིས་གྲོག་རོང་ཆེ་མོའི་འཕྲེད་དུ་བསྐྲུན་པ་དང་། ཟམ་པ་ཨ་མའི་རིང་ཚད་ལ་སྨི་904དང་། རོང་ཁུལ་གཙོ་བོར་སྨི་480 ཟམ་ངོས་ཀྱི་ཞེང་ཚད་ལ་སྨི་44.5 ཟམ་ངོས་ནས་རོང་མཐིལ་བར་སྨི་300ཙམ་བཅས་ཟིན་པ་དེ་ནི་གཞོགས་གཉིས་ལྕགས་གདུང་སྡེབ་སྒྲིག་གི་ལྡིང་ཟམ་ཞིག་རེད།
འདི་ནི་ཟླ་5ཚེས་25ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་ཟམ་ངོས་མཐའ་མ་དེ་འདེགས་སྒྲིག་བྱས་པ་དང་སྦྲགས། དབྱི་ལའེ་མྱུར་བགྲོད་གཞུང་ལམ་ཁྲའེ་པུའུ་ཤིས་ཟམ་ཆེན་བདེ་བླག་ངང་མཐུད་པ།