དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་སྐབས་བདུན་པའི་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-27

    ཚེས་22ཉིན། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་སྐབས་བདུན་པའི་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་པ་རེད། ཚོགས་འདུར་2024ལོའི་རང་ལྗོངས་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་བྱས་པ་དང་། དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་གནད་ཐོག་སློབ་སྦྱོང་དང་། འབྲེལ་ཡོད་ཀྱི་ཚོགས་འདུའི་དགོངས་དོན་གཞན་དག་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཀྱིས་ལས་དོན་སྙན་སྒྲོན་དང་དཔལ་འབྱོར་དུས་བབ་ཀྱི་སྙན་སྒྲོན་གནང་བ་རེད།

    ཚོགས་འདུའི་ཐོག འདས་ཟིན་པའི་ལོ་གཅིག་རིང་། རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྦྲེལ་ཟམ་དང་སྒྲོག་ཐག་དང་དེ་བཞིན་རམ་འདེགས་པའི་ནུས་པ་གང་ལེགས་བཏོན་ནས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་པ་དང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་མི་སྣས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་གོ་སྐབས་སུ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། སྔར་བས་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། བོད་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།