དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རུ་ཐོག་རྫོང་གིས།

    སྒེར་འཁོར་བཏང་ནས་མཚོ་མོ་ངང་ལག་རིང་མོ་བསྐོར་བ་དང་མཐའ་མཚམས་སུ་སྐྱོད་པའི་བྱེད་སྒོ་སྐབས་དང་པོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-27

    ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས“ལྷད་མེད་ཀྱི་བརྩེ་བ་ཀྲུང་གོར་བཅངས”ཞེས་པའི་སྒེར་འཁོར་བཏང་ནས་མཚོ་མོ་ངང་ལག་རིང་མོ་བསྐོར་བའི་མཐའ་མཚམས་སུ་སྐྱོད་པའི་བྱེད་སྒོ་སྐབས་དང་པོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། བྱེས་བགྲོད་རླངས་འཁོར་16མཚོ་མོ་ངང་ལག་རིང་མོའི་མཛེས་ལྗོངས་ཁུལ་གྱི་གྲུ་ཁར་འཛོམས་ཤིང་། རླངས་འཁོར་གཏོང་བའི་བརྡ་བཏང་བ་དང་བསྟུན་ནས་མཚོ་མོར་དངོས་སུ་སྐོར་འགོ་ཚུགས་ཡོད། ལམ་བར་གྱི་ས་ཚིགས་ཚང་མར་རླངས་འཁོར་ཁ་བཀག་ནས་པར་རྒྱག་པ་དང་མཁའ་ཐོག་ནས་པར་རྒྱག་པའི་ནང་དོན་བཀོད་སྒྲིག་བྱས་ཡོད་པར། བྱེད་སྒོར་ཞུགས་མཁན་ཚོས་མཚོ་མོ་ངང་ལག་རིང་མོའི་བརྗིད་ཆགས་ཡིད་འོང་གི་མཛེས་ལྗོངས་ལ་ཅི་དགར་མྱོང་རོལ་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།