སྟོད་ལུང་བདེ་ཆེན་ཆུས་སུ་སྡེ་ཁུལ་གྱི་སྦྲུམ་མའི་སློབ་གྲྭ་དང་པོ་བཙུགས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྡེ་ཁུལ་གྱི་སྦྲུམ་མའི་སློབ་གྲྭ་དང་པོ་དེ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་བཙུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་དེ་པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་མ་བུ་བདེ་སྲུང་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་སྣེ་ཁྲིད་དེ་བཙུགས་པ་དང་། “དྲ་ཕྱིའི་སློབ་ཚན་དང་དྲ་ཐོག་དོ་དམ་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ་དུས་བཀག་ལྟར་སྦྲུམ་དུས་ཀྱི་བདེ་སྲུང་དང་། སེམས་ཁམས་སློབ་སྟོན། ཕྲུ་གུ་དམར་འབྱར་གཅེས་སྐྱོང་སོགས་ཀྱི་སློབ་ཚན་འཁྲིད་པ་བརྒྱུད་སྦྲུམ་མར་མངལ་འཁོར་རིང་གི་བདེ་ཐང་དོ་དམ་ཡིག་ཚགས་བཟོས་ཡོད། བོད་སྐྱོར་སྨན་བཅོས་རུ་ཁག་གིས་རིགས་གཅིག་མཁས་ཅན་དང་། སྡེ་ཁུལ། ཁྱིམ་ཚང་བཅས་རིམ་གསུམ་མཉམ་འགུལ་གྱི་སྲུང་སྐྱོབ་དྲ་རྒྱ་དུས་མཉམ་དུ་བཙུགས་ནས་སྦྲུམ་མར་སྤུས་ལེགས་ཀྱི་ཞབས་ཞུ་བསྒྲུབས་ཏེ་དྲོ་སྐྱིད་ཚོར་བར་བྱས་ཡོད།