ཀྲེ་ཅང་ཉིང་པོ་རུ་2025ལོའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་སྤྱིའི་གཡོར་གྲུའི་འགྲན་བསྡུར་འགོ་ཚུགས་པ།
འདི་ནི་2025ལོའི་ཟླ་5ཚེས་23ཉིན་འགྲན་བསྡུར་ནང་ཞུགས་མཁན་གྱིས་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཤང་ཧྲན་ཡཱ་ཧྥན་ལྟེ་གནས་སུ་གཡོར་གྲུ་འགྲན་བཞིན་པ།
ཟླ་5ཚེས་23ཉིན། 2025ལོའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་སྤྱིའི་རླུང་གཡོར་གྲུ་གཟིངས་འགྲན་བསྡུར་དང་ཉིང་པོ་རྒྱལ་སྤྱིའི་གཡོར་གྲུའི་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་ཀྲེ་ཅང་ཉིང་པོའི་ཤང་ཧྲན་ཡཱ་ཧྥན་ལྟེ་གནས་སུ་འགོ་ཚུགས་པ་རེད། ཁ་རེ་ཤེ་ཡ་དང་། ཀེ་རི་སེ། འཇར་མན། ཨུ་རུ་སུ། ཁ་ན་ཏ། སིང་ཀ་ཕོར། མ་ལེ་ཞི་ཡ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་14ཡི་ཕྱི་རྒྱལ་གྱི་རུ་ཁག་15དང་རྒྱལ་ནང་གི་རུ་ཁག་21གིས་ཉིན་དང་པོའི་འགྲན་བསྡུར་བྱས་པ་རེད།