ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཁབ་ལྕགས་ལམ་ནས་དངོས་ཟོག་ཏུན་དུང་ཕྱུར་13ཙམ་དབོར་བ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཁབ་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་12.99དབོར་བ་དེ་དུས་མཚུངས་ལས་3.6%འཕར་ཡོད། ཉིན་རེར་ཆ་སྙོམས་རླངས་འཁོར་ཁྲི་18བླུགས་པ་དེ་དུས་མཚུངས་ལས་4.7%འཕར་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་དང་རྒྱལ་དམངས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
གཙོ་གནད་དངོས་ཟོག་སྐྱེལ་འདྲེན་ལ་འགན་ལེན་ནུས་ལྡན་བྱུང་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཁབ་ལྕགས་ལམ་ནས་རྡོ་སོལ་ཏུན་དུང་ཕྱུར་6.72དབོར་བའི་ནང་གློག་གཏོང་རྡོ་སོལ་ཏུན་དུང་ཕྱུར་4.64ཟིན་ནས་ལྕགས་ལམ་ལ་གློག་ཐད་གཏོང་གློག་ཁང་གི་རྡོ་སོལ་གསོག་འཇོག་བྱེད་ཚད་ཅུང་མཐོ་ཙམ་རྒྱུན་འཁྱོངས་ཐུབ་པ་དང་། གཏེར་འདོན་རྒྱུ་ཆ་དང་བཙོ་སྦྱང་དངོས་རྫས་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་29.3%དང་10.7%སོ་སོར་འཕར་ནས་རྒྱལ་ཇུས་དམངས་འཚོའི་གཙོ་གནད་དངོས་ཟོག་གི་ཟོག་ཁུངས་འགན་སྲུང་ནུས་ལྡན་ཐུབ་ཡོད།