ཀྲུང་གོའི་གསོར་འབིགས་རྣམ་གྲངས་ལས་སའི་གོ་ལར་རྒྱུས་མངའ་ལོན་ཟབ་ཏུ་ཕྱིན་པ།
འདི་ནི་ཤིན་ཅང་ཐ་ཁེ་ལ་མ་ཀན་བྱེ་ཐང་ནས་པར་བརྒྱབ་པའི་ཀྲུང་གོ་རྡོ་སྣུམ་ཐ་ལེ་མུའུ་སྣུམ་ཞིང་གི“གཏིང་རིང་ཐཱ་ཁོའོ་ཁྲོན་པ་དང་པོ”ཡིན་པ།
ཀྲུང་གོས་ཐ་ཁེ་ལ་མ་ཀན་བྱེ་ཐང་དུ་སྤོབས་སེམས་ཆེ་བའི་རྣམ་གྲངས་ཏེ“གཏིང་རིང་ཐཱ་ཁོའོ་ཁྲོན་པ་དང་པོ”ལག་བསྟར་བྱས་པ་དང་དེའི་གསོར་འབིགས་གཏིང་ཚད་སྨི་ཁྲི་1.1ཙམ་ཟིན་པ་དེ་ཨའེ་ཧྥེར་ལྕགས་ཀྱི་མཆོད་རྟེན་33བརྩེགས་པའི་མཐོ་ཚད་དང་མཚུངས་ཀྱི་ཡོད། རྣམ་གྲངས་དེས་ཟིན་ཐོ་བཏོད་པ་མ་ཟད། ད་དུང་མི་རྣམས་ཀྱིས་སའི་གོ་ལའི་གཏིང་རིང་ས་གཤིས་ཀྱི་གྲུབ་ཚུལ་ལ་ཤེས་རྟོགས་དེ་བས་ཟབ་ཏུ་ཕྱིན་ཡོད།
“གཏིང་རིང་ཐཱ་ཁོའོ་ཁྲོན་པ་དང་པོ”གསོར་འབིགས་རྣམ་གྲངས་ལ་རིག་གཞུང་གི་དོན་སྙིང་ལྡན་པ་མ་ཟད། ད་དུང་སྣུམ་རླངས་གསོག་ཚད་འཚོལ་ཞིབ་ལ་སྤྱོད་རྒྱུ་ཡིན་པས། ས་ཁུལ་དེའི་ནུས་རྒྱུའི་དཔལ་འབྱོར་གྱི་བཀོད་པར་འགྱུར་ལྡོག་འགྲོ་སྲིད།
རྣམ་གྲངས་དེས་ཀྲུང་གོའི་བཟོ་སྐྲུན་པ་དང་ཚན་རིག་པར་ལག་རྩལ་གྱི་འགྲན་སློང་ཧ་ཅང་ཆེན་པོ་བཟོས་ཡོད་པ་རེད། གསོར་མགོ་ས་འོག་གི་སྨི་ཁྲི་ཡི་ས་རིམ་དང་ཐག་ཉེ་རུ་འགྲོ་བའི་སྐབས་སུ་སྒྲིག་ཆས་ཀྱིས་དྲོད་ཚད་མཐོན་པོ་200℃ལས་བརྒལ་བ་དང་མཐོ་གནོན་ཀྲའོ་ཕ་130ལས་བརྒལ་བའི་གནོན་ཤུགས་ཐེག་ཐུབ་ཀྱི་ཡོད། ཀྲུང་གོ་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི་སུན་ཅིན་ཧྲེང་གིས་གཏིང་རིང་གསོར་འབིགས་རྩད་ཞིབ་ཀྱི་དཀའ་ཚད་ནི་ལྗིད་ཐེག་རླངས་འཁོར་ཆེན་པོ་ཞིག་ལྕགས་སྐུད་ཕྲ་མོ་གཉིས་ཀྱི་སྟེང་དུ་བསྐྱོད་པ་དང་འདྲ་པོ་ཡོད་ཅེས་བཤད།
གསོར་འབིགས་རྩད་ཞིབ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། འཛམ་གླིང་ཡོངས་ཀྱིས་ཡ་མཚན་ཆེན་པོས་མཇུག་འབྲས་སྒུག་བཞིན་ཡོད། མི་རྣམས་ཧང་སངས་དགོས་པའི་གསོར་འབིགས་གཏིང་ཚད་དེས་མི་རྣམས་ཀྱིས་སའི་གོ་ལར་འཛིན་པའི་ལྟ་ཚུལ་ལ་འགྱུར་ལྡོག་འགྲོ་སྲིད་པ་དང་དུས་མཚུངས་རང་བྱུང་ཐོན་ཁུངས་གསར་སྤེལ་བྱེད་པར་གོ་སྐབས་གསར་པ་སྐྲུན་ཐུབ།
— ཧྥ་རན་སེའི་lnnovantདྲ་ཚིགས་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་།