དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མི་འབོར་ན་རྒས་ཅན་ལས་འགན་བཅོལ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-26

    འདི་ནི་པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་དབྱིང་ཤིང་ཧྲེ་རྒན་གསོའི་ཞབས་ཞུ་ལྟེ་གནས་ཀྱི་རྒན་རྒོན་ཚོས་ཡིག་གཟུགས་སྦྱོང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཤིན་གྱིས་པར་བརྒྱབ།

    2035ལོར་སླེབས་སྐབས་ཀྲུང་གོའི་མི་འབོར་གྱི་གསུམ་ཆ་གཅིག་ལོ་60ལས་བརྒལ་རྒྱུ་རེད། མི་འབོར་ན་རྒས་ཅན་དུ་གྱུར་བ་ལས་སྤྱི་ཚོགས་འགན་སྲུང་མ་ལག་ལ་གནོན་ཤུགས་ཕོག་པ་མ་ཟད། བདེ་ཐང་དང་རྒན་ཡོལ་འགན་བཅོལ་ཐོན་རྫས་ཀྱི་དགོས་མཁོར་ཡང་ཤུགས་རྐྱེན་ཕོག་གི་ཡོད། ཨ་རིའི་བློ་འདྲི་ཀུང་སི་པེ་ཨེན་ཀུང་སིས་ཚོད་དཔག་བྱས་པ་ལྟར་ན། 2030ལོར་སླེབས་སྐབས་ཀྲུང་གོས་བཞི་ཆ་གཅིག་ཡན་གྱི་གོ་ལ་ཧྲིལ་པོའི་འགན་བཅོལ་ཞུ་གྲོན་འཕར་བར་སྐུལ་མ་ཐེབས་རྒྱུ་རེད།

    ཀྲུང་གོའི་མི་འབོར་ན་རྒས་ཅན་དུ་གྱུར་བ་དང་བསྟུན་ནས་མི་འབོར་གྲུབ་ཆའི་འགྱུར་ལྡོག་ལ་བསྟུན་སྤྱོད་ཤེས་པ་དང་གྲངས་འཛིན་གསར་གཏོད་ཐུབ་པའི་ལས་རིགས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་སར་འགྱུར་རྒྱུ་ཡིན་པ་དང་། འགན་བཅོལ་ལས་རིགས་དེའི་སྦྲེལ་མཚམས་སུ་གནས་པའི་ལས་རིགས་ཀྱི་གྲས་ཤིག་རེད།

    མིག་སྔར། འགན་བཅོལ་ལས་རིགས་ནི་མི་ཐབས་རིག་ནུས་ཀྱི་གསར་བརྗེ་བྱེད་སྔ་ཤོས་དང་གལ་ཆེ་ཤོས་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཏུ་གྱུར་ཡོད། འགན་བཅོལ་ལས་རིགས་ཀྱིས་སྔོན་ཐོན་གྱི་གྲངས་གཞིའི་དབྱེ་ཞིབ་དང་འཕྲུལ་ཆས་ཀྱི་སློབ་སྦྱོང་ལ་བརྟེན་ནས་སྔར་བས་ཡང་དག་པོས་རིན་གོང་གཏན་འཁེལ་བྱེད་པ་དང་འབྲེལ། རང་སོ་སོའི་ཁྱད་ཆོས་ལྡན་པའི་འགན་བཅོལ་ཞབས་ཞུའི་ཐད་གནས་བབ་ཡག་པོ་བཟུང་ཡོད། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དེ་རིགས་ཀྲུང་གོར་ལག་རྩལ་ལ་བརྟེན་པའི་དྲ་ཐོག་འགན་བཅོལ་ཀུང་སི་ཆུང་གྲས་དང་བར་གཉེར་མང་དུ་འགྲོ་བའི་ཁྲོད་ནས་མངོན་གྱི་ཡོད།

    ཡོན་པའོ་འགན་བཅོལ་ཀུང་སི་ནི་དཔེ་མཚོན་ཞིག་ཡིན་ཏེ། ཀུང་སི་དེས་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་4000ལྷག་ཙམ་ལ་བརྟེན་ནས་སྐུ་མགྲོན་གྱི་བདེ་ཐང་དང་འཚོ་བའི་གོམས་གཤིས་ཀྱི་གྲངས་གཞི་དབྱེ་ཞིབ་བྱས་ཏེ་ཁོང་ཚོར་རང་སོ་སོའི་ཁྱད་ཆོས་ལྡན་པའི་འགན་བཅོལ་ཐོན་རྫས་མཁོ་འདོན་བྱེད་ཀྱི་ཡོད། ཡོན་པའོ་ཀུང་སིའི་ན་ནིང་གི་ཕྱིར་ཚོང་དངུལ་འབོར་གསུམ་ཆ་གཉིས་ཙམ་འཕར་ཡོད།

    — དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།