མཚོ་སྔོན་གྱི་སྡེ་ཚན་17གྱིས་མཉམ་དུ་བྱ་སྤྱོད་སྤེལ་ནས་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་བྱེད་སྒོ་གཉེར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་དུས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་། ཞིང་ཨུད་དངུལ་རྩ་གཞུང་ལས་ཁང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་17གྱིས《མཚོ་སྔོན་ཞིང་ཆེན་གྱི་2025ལོའི“ཁེ་ལས་ལ་ཕན་པ་མཉམ་སྐྲུན”གྱི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས། “ཁེ་ལས་ལ་ཕན་པ་མཉམ་སྐྲུན”གྱི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་བྱ་སྤྱོད་སྤེལ་བས་ཁེ་ལས་འབྲིང་ཆུང་གི་དཀའ་ངལ་མུ་མཐུད་བསལ་བ་མ་ཟད། ནང་གནས་ཀྱི་སྒུལ་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད། ཞབས་ཞུའི་བྱ་སྤྱོད་དེ་2025ལོའི་ལོ་ཧྲིལ་པོར་ཁྱབ་པ་དང་ཟླ་6པར“ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་ཟླ་བའི”བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
ཞབས་ཞུའི་བྱ་སྤྱོད་དེ་ནི་ཐོན་ལས་ཀྱི“ཁུལ་བཞི”བསྐྲུན་རྒྱུར་དམིགས་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་གི་འཕེལ་རྒྱས་དགོས་མཁོར་དམིགས་ནས་ཞབས་ཞུའི་གསལ་ཐོ་ཁག་73བཟོས་པ་དང་། ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་གི་དྲ་ཕྱིའི“དྲ་གཅིག”དང་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་དྲ་ཐོག་གི“དྲ་གཅིག”གི་ནུས་པ་བཏོན་པ་བརྒྱུད། རིགས་ཁག་གི་ཞབས་ཞུའི་ཐོན་ཁུངས་དང་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ཁེ་ལས་དང་། གླིང་ཁུལ། ཚོ་འདུས་བཅས་སུ་བསྐྱོད་དེ་ཁེ་ལས་ལ་ཕན་པའི་སྲིད་ཇུས་འདོན་པ་དང་། ཁེ་ལས་གཉེར་སྐྱོང་གི་ཁོར་ཡུག་ལེགས་སུ་གཏོང་བ། གསར་གཏོད་ལ་བརྟེན་ནས་ཁེ་ལས་སྟོབས་ཆེར་གཏོང་བ། ཤེས་ལྡན་པར་བརྟེན་ནས་ཁེ་ལས་དར་རྒྱས་གཏོང་བ། བཅའ་ཁྲིམས་ལ་བརྟེན་ནས་ཁེ་ལས་ལ་སྲུང་སྐྱོང་བྱེད་པ་བཅས་ཕྱོགས་5ལ་དམིགས་ནས་ཞབས་ཞུའི་བྱ་སྤྱོད་སྤེལ་ཏེ། ཁེ་ལས་འབྲིང་ཆུང་གི་གསར་གཏོད་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
ཁེ་ལས་ལ་ཕན་པའི་སྲིད་ཇུས་འདོན་པའི་ཐད། ཞིང་ཆེན་དེ་ཡོངས་ཀྱིས“1+9+11”གི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་དྲ་རྒྱའི་རྐང་འཛིན་པ་དང་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མནའ་འབྲེལ་དང་། དེ་བཞིན་རིགས་ཁག་གི་སྤུས་ལེགས་ཞབས་ཞུའི་ཐོན་ཁུངས་ལ་བརྟེན་ནས་སྲིད་ཇུས་ཁྱབ་གདལ་གཏོང་སྟངས་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། ཁེ་ལས་ལ་སྲིད་ཇུས་ཤེས་རྟོགས་དང་སྤྱོད་རྒྱུར་རོགས་རམ་བྱ་རྒྱུ་དང་། ཁེ་ལས་གཉེར་སྐྱོང་གི་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཐད་སྡེ་ཚན་མང་པོའི་ཞབས་ཞུའི་ཐོན་ཁུངས་གཅིག་སྡུད་བྱས་ཏེ་ཁེ་ལས་ལ་སྣ་མང་དང་། ནུས་ཆེ། ཆེད་ལས་ཅན་བཅས་ཀྱི་ཞབས་ཞུ་བསྒྲུབས་ནས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་རྒྱུ། གསར་གཏོད་ལ་བརྟེན་ནས་ཁེ་ལས་སྟོབས་ཆེར་གཏོང་བའི་ཐད“བློ་རིག་འདོན་པ་དང་། རིན་ཐང་སྤྲོད་པ། མཐུན་རྐྱེན་སྦྱོར་བ”སོགས་ཀྱི་བྱེད་སྒོར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཁེ་ལས་ལ་ཚན་རྩལ་གསར་གཏོད་དང་ལག་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱ་རྒྱུར་ལྕག་སྐུལ་བྱེད་པ། སྤུས་ཚད་ཚད་གཞིའི་སྤུས་རྟགས་འདུ་ཤེས་ཟབ་ཏུ་གཏོང་བ། ཚན་ལྡན་ཅན་གྱི་དོ་དམ་ནུས་པ་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ལྟེ་བའི་འགྲན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས“ཆེད་ཞིབ་ཁྱད་གསར་བཞིའི”འཕེལ་རྒྱས་མངོན་འགྱུར་ཐུབ་པར་བྱ་རྒྱུ། ཤེས་ལྡན་པར་བརྟེན་ནས་ཁེ་ལས་དར་རྒྱས་གཏོང་བའི་་ཐད་ཤེས་ལྡན་པ“འདྲེན་གསོ་ཉར་སྤྱོད”ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དྲ་ཐོག་དང་དྲ་ཕྱི་དང་རྣམ་པ་སྣ་ཚོགས་ཀྱི་མཁོ་སྤྲོད་སྦྲེལ་མཐུད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ཁེ་ལས་འབྲིང་ཆུང་གི་ཤེས་ལྡན་པ་ནང་འདྲེན་དང་བེད་སྤྱོད་འགན་ལེན་ཐུབ་རྒྱུ། བཅའ་ཁྲིམས་ལ་བརྟེན་ནས་ཁེ་ལས་སྲུང་སྐྱོང་ཐད། 《མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དང《ཁེ་ལས་འབྲིང་ཆུང་གི་མ་དངུལ་གཏོང་སྤྲོད་འགན་སྲུང་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་བ་བཅས་བྱས་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་བཅས་རེད།