རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་300ལྷག་ཙམ་གྱིས་འདེབས་འཛུགས་ནགས་བཟོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལྷ་ས་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་དང་མཉམ་དུ་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཐུས་མི་300ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བསམ་གྲུབ་གླིང་གི་ཡུག་ཁུལ་4པར“རྒན་རྒོན་གྱི་སེམས་པ་ཏང་ལ་ཕྱོགས། གངས་ལྗོངས་ས་མཐོའི་རྒན་རྒོན་གྱིས་ལྗོན་ཤིང་བཏབ་ནས་ལྷོ་རི་བྱང་རིར་ཐོག་མའི་བསམ་འདུན་མངོན་པར་བྱེད”ཅེས་པའི་འདེབས་འཛུགས་ནགས་བཟོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
འཇམ་དཔལ་གྱིས། མིག་སྔར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚོས“ལས་གནས་དང་ཁ་བྲལ་ཡང་ཏང་དང་ཁ་མི་བྲལ་བ་དང་། རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ”བྱས་ཏེ། བློ་བརྟན་འགྱུར་མེད་ངང་འབད་བརྩོན་དང་དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལྷ་ས་དེ་བས་ལྗང་མདོག་དང་། དེ་བས་མཛེས་པ། དེ་བས་མིའི་འཚོ་སྡོད་ལ་འཚམ་པ་བཅས་སུ་འགྱུར་བ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།