དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་བ།

    ཟབ་སྦྱོང་མཐིལ་རྟོགས་མཐའ་འཁྱོངས་ཀྱིས་ལག་ལེན་དུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-26

    ཉིན་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་ཁྲིད་སྟོན་དང་། ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་དང་བསམ་བློའི་གོ་རྟོགས་མཐོ་རུ་བཏང་སྟེ་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། བཤེར་འདོན་ལ་ཤུགས་ཚད་ལྡན་པ། དག་ཐེར་ལ་ཕན་འབྲས་ཐོན་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད།

    ཉེ་ཆར། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་འབྲེལ་ཡོད་འགན་འཁུར་བ་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ་ཞིང་། སྙན་ཞུའི་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ནམ་ཡང་ཚར་དུས་མེད་པའི”རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱེད་པའི་ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་ངེས་གནས་ལ་གོ་བ་བླངས་ཏེ། བསམ་བློ་གཏིང་ཟབ་གཏོང་བ་དང་། ལས་དོན་ཧུར་ཐག་སྒྲུབ་པ། འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་མཐུད་ཆེ་རུ་གཏོང་དགོས། བྱེད་པོའི་འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་གཏོད་པ་དང་། གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་དང་། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་བཅས་ཀྱི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ནང་དོན་གལ་ཆེན་ལ་བརྩི་བ། ཏང་ཡོན་ལས་བྱེད་པས་སེམས་གཏིང་ནས་རུལ་སུངས་ཀྱི་བསླུ་བྲིད་རང་རྟོགས་ངང་འགོག་པར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་འབྲེལ་ཡོད་བློ་མཐུན་སློབ་ཁྲིད་གནང་བར་གདན་དྲངས་ཤིང་། སློབ་ཁྲིད་ཉན་པར་ཡོང་མཁན་ཚོས། སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་། ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་དང་། སློབ་སྦྱོང་ལ་གོ་བ་ལེན་པ་དང་། གནད་དོན་བཤེར་འདོན། དག་ཐེར་དོན་འཁྱོལ་བཅས་ཟུང་འབྲེལ། སྤྱོད་ཚུལ་འཛུགས་སྐྱོང་ཐད་གནས་པའི་གནད་དོན་དང་མི་འདང་ས་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ། འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། སྤྲོ་སེམས་སྔར་བས་ཆེ་བ་དང་ལས་དོན་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

    ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཚོའི(སྡེ་ཁུལ)ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས། ཞིང་ཁྱིམ་དཔེ་ཁང་སོགས་གང་ལེགས་སྤྱད་ནས། དབྱར་རྩྭ་དགུན་འབུ་འཐུ་ས་དང་། ཕྱུགས་འཚོའི་མཐའ་མཚམས་སྐོར་གཡེང་གི་འཐབ་ས་དང་པོ་སོགས་སུ་སྐབས་འཕྲལ་ཏང་ཀྲི་པུའུ་བཙུགས་ཏེ་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ཡོད། ཕྱོགས་མིའི་ཏང་ཡོན་1300ལྷག་ཙམ་ཚང་མ་འགྲོ་སའི་ཏང་རྩ་འཛུགས་ཀྱི་དོ་དམ་དུ་བཅུག་ནས་སློབ་སྦྱོང་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། དེ་སྔའི་ཏང་རྩ་འཛུགས་ཀྱིས་དཔེ་དེབ་སྦྲག་ཐོག་ནས་བསྐུར་བ་དང་སྐད་འཕྲིན་འབྲེལ་གཏུག་ཚོགས་པ་སོགས་དྲ་ཐོག་ལས་སྟེགས་སྤྱད་དེ་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་འོས་སྦྱོར་བྱས་ཡོད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས་གཙོ་འགན་གཙོ་ལས་ལ་གཞི་ཚུགས་ནས། གྲོང་ཁྱེར་ཐད་གཏོགས་ཚན་པ་60ལྷག་ཙམ་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལ་སྐོར་ཉན་ཟུར་ཉན་བྱས་ཏེ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་དང་ཚན་པའི་ཁོངས་མིས་སློབ་སྦྱོང་སློབ་གསོའི“རུ་སྟར་གྲུ་བཞི་དང་པོ”ལེགས་པར་བསྐྱོད་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཡོད།

    མངའ་རིས་ས་ཁུལ་གྱི་རིམ་ཁག་སྡེ་ཚན་ཁག་གིས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་དང་མཉམ་འདྲེས་བྱས་ལ་རྟག་ཏུ་དམ་འཛིན་བྱས་ཡོད། ས་ཁུལ་སྲིད་གྲོས་ཀྱིས་སློབ་སྦྱོང་སློབ་གསོ་དང་སྲིད་གྲོས་ཀྱི་འགན་སྒྲུབ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ས་ཨུད་ཀྱིས་ཁ་གསལ་བཏོན་པའི“མཐོར་གཏོང་བརྒྱད”ཀྱི་བྱ་སྤྱོད་དང་། “གསར་པ་བརྒྱད”ཀྱི་དམིགས་ཚད། དམངས་འཚོའི་དོན་དངོས་བཅས་ལ་དམིགས་ནས་གྲོས་མོལ་གྱི་གྲོས་གཞི་5དང་། དམངས་གཙོའི་ལྟ་སྐུལ་གྱི་གྲོས་གཞི་3 སློབ་སྦྱོང་རྟོག་ཞིབ་ཀྱི་གྲོས་གཞི་6 བརྟག་ཞིབ་ཞིབ་འཇུག་བྱ་གཞི་10བཅས་བཏོན་ཏེ་སྲིད་གྲོས་ཀྱི་ལས་དོན་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། རེ་སྒུག་བྱེད་ས། རེ་འདུན་འཆང་ས་བཅས་དང་ཟུང་འབྲེལ་གཏིང་ཟབ་བྱས་ཡོད།

    གཞན་ཡང་མངའ་རིས་ས་ཁུལ་གྱི་རིམ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་སུ་ཧུར་ཐག་བསྒྱུར་ཡོད། མངའ་རིས་ས་ཨུད་གཞུང་ལས་ཁང་གིས་སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། དཔེ་ཀློག་འཛིན་གྲྭ “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་རྣམ་པ་སྣ་ཚོགས་བརྒྱུད། སློབ་སྦྱོང་སློབ་གསོ་དེ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    རྩྭ་མདའ་རྫོང་གིས“སློབ་སྦྱོང”ཐད་འབད་བརྩོན་བྱས་ཏེ་དཔྱད་གཞིའི་ཡིག་རིགས་ལེགས་སྒྲིག་ཕྱོགས་བསྒྲིགས་དང་། 《ལས་ཀའི་དྲན་སྐུལ》བཟོས་ནས་ལས་འགན་ཁག་14ཁ་གསལ་བཏོན་ཏེ། རྒྱུན་གཏན་ནས་སློབ་སྦྱོང་ཐེངས་100ལྷག་ཙམ་བྱས་ནས་ཏང་ཡོན་ལས་བྱེད་པར་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པའི་བསམ་བློའི་རང་རྟོགས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།