དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་26པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོ·མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་26པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟླ་6ཚེས་25ནས་29ཉིན་བར་ཟི་ལིང་དུ་འཚོག་རྒྱུ་ཡིན་ཞིང་། “སྒོ་དབྱེ་མཉམ་ལས། ལྗང་མདོག་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོར་གཞིགས་ནས“ཆུ་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། ངོ་མཚར་དེ་བས་ཆེ་བ”བཅས་ཀྱི་ཚོགས་འདུ་འཚོག་པའི་དམིགས་ཚད་གཞིར་བཟུང་། ནུས་རིམ་དེ་བས་མཐོ་བའི་གསར་གཏོད་མཉམ་ལས་ལས་སྟེགས་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད།

    སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་མོ་ཞི་ཁོ་གཙོ་མགྲོན་རྒྱལ་ཁབ་ལ་གདན་དྲངས་ནས། དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཚོགས་འདུ་འཚོག་རྒྱུ་ཡིན་ཞིང་། གཙོ་མགྲོན་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500བཅས་འགྲེམས་ཞུགས་གན་འཇོག་ལ་གདན་དྲངས་ཏེ། ཕྱི་དངུལ་རྣམ་གྲངས་མགྱོགས་མྱུར་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་རེད། “འོས་སྦྱོར་ངོ་སྤྲོད་དང་། ངོ་འཕྲད་གྲོས་མོལ། གན་རྒྱ་འཇོག་པ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་འབྲེལ་མཐུད་ཕྱོགས་སྟོན་དུ་བཟུང་ནས“8+6+3”གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། དེའི་ནང་ཀྲུང་གོ(མཚོ་སྔོན)དང་གཙོ་མགྲོན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཚོགས་འདུ་དང་། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་མ་འཇོག་གསལ་བཤད་ཚོགས་འདུ་དང་གཙོ་གནད་མཉམ་ལས་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་སོགས་གཙོ་གནད་བྱེད་སྒོ་ཁག་8དང་། ཆེད་དོན་བྱེད་སྒོ་ཁག་6 ལྷན་སྦྱར་བྱེད་སྒོ་ཁག་3བཅས་ཚུད་ཡོད་པ་རེད།

    ད་ལོའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར“སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་ར་ཅན་གྱི་འཁོར་རྒྱུག”གི་ཚོགས་འདུ་འཚོག་པའི་བྱ་ཐབས་སྤྱད་དེ། གསར་དུ་བསྐྲུན་པའི་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ནུས་ལྡན་སྤྱོད་པ་དང་། འགྲེམས་ཁུལ་ཆེན་པོ་གསུམ་གྱི་སྨི་ངོས་གྲུ་ཁྲི་6ཟིན་པའི་འགྲེམས་སྟོན་བར་མཐོངས་བཀོད་སྒྲིག་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་། ཐོན་ལས“ཁུལ་བཞི” ལྗང་མདོག་རྩིས་ནུས་སོགས་ལྟེ་བའི་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་ཆེན་པོ་ཁག་6ཞིབ་ཚགས་གཏོད་རྒྱུ་དང་། གཙོ་མགྲོན་རྒྱལ་ཁབ་མོ་ཞི་ཁོ་དང་གཙོ་མགྲོན་གྲོང་ཁྱེར་པེ་ཅིང་གི་ཁྱད་ལྡན་འགྲེམས་ཁུལ་ཆེན་པོ་2དང་འགྲེམས་ཁུལ་གཞན་དག་ཁག་30ལྷག་ཙམ་དང་མཉམ་འགུལ་བྱས་ནས། རྒྱལ་ཕྱི་རྒྱལ་ནང་གི་ལག་རྩལ་ཐོན་ཁུངས་འབྲེལ་མཐུད་དང་། ཐོན་ལས་སྔ་མ་དང་ཕྱི་མ་སྦྲེལ་མཐུད། ཐོན་ལས་ཀྱི་ལེགས་ཆ་གསབ་རེས། དེ་བཞིན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་ལས་སྟེགས་བསྐྲུན་ཏེ་ཚོགས་འགྲེམས་ཀྱི་ཆེད་ལས་ཅན་དང་། ཁྲོམ་ར་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་སྤུས་ནུས་ཆེ་རུ་གཏོང་རྒྱུ། “ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས་ཀྲུང་གོར་འགྲེམས་པའི(མཚོ་སྔོན་ས་ཚིགས)”ཚོང་དོན་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་དང“བོད་རུམ”རིག་གནས་ཁྱད་ལྡན་འགྲེམས་ཁུལ་བཙུགས་ཏེ། འགྲེམས་འཚོང་མཉམ་འགུལ་གཏིང་ཟབ་བྱེད་པ་བརྒྱུད་ལྗང་མདོག་ཐོན་ལས་རྣམ་གྲངས་མགྱོགས་མྱུར་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།