2025ལོའི་ཀྲུང་གོའི་ནན་ཁྲང་རྒྱལ་སྤྱིའི་གྲུ་གཟིངས་འབྲུག་གཟུགས་མའི་འགྲན་བསྡུར་བྱེད་འགོ་ཚུགས་པ།
2025ལོའི་ཀྲུང་གོའི་ནན་ཁྲང་རྒྱལ་སྤྱིའི་གྲུ་གཟིངས་འབྲུག་གཟུགས་མའི་འགྲན་བསྡུར་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཧུང་ཀུའུ་ཐན་ཆུས་ཅིའུ་ལུང་མཚེའུའི་ཆུ་ཁོངས་སུ་བྱེད་འགོ་ཚུགས་པར་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་གྲུང་གཟིངས་རུ་ཁག་50ཡོད་པ་དང་ཞུགས་མཁན་མི་གྲངས་1500ལས་བརྒལ་ཡོད། སྐབས་འདིའི་འགྲན་དོན་ནང་ཐད་རྒྱུག་མྱུར་ཚད་འགྲན་བསྡུར་དང་འཁྲབ་སྟོན་འགྲན་བསྡུར་གྱི་གྲུ་ལམ་གཉིས་མཉམ་བགྲོད་ཀྱི་འགྲན་བསྡུར་ལམ་ལུགས་སྤྱད་དེ་ཁྱོན་རྫོང་དང་ཆུས་ཚོགས་ཆུང་གི་མི་33གྱི་གྲུ་གཟིངས་འབྲུག་གཟུགས་མ་དང་། ཡོངས་བསྒྲགས་ཚོགས་ཆུང་གི་མི་22ཀྱི་གྲུ་གཟིངས་འབྲུག་གཟུགས་མ། མཐོ་སློབ་ཚོགས་ཆུང་གི་མི་12ཀྱི་གྲུ་གཟིངས་འབྲུག་གཟུགས་མ་བཅས་ཚོགས་ཆུང་ཆེན་པོ་གསུམ་ལ་དབྱེ་བ་དང་འགྲན་ལམ་གྱི་རིང་ཚད་ཧྲིལ་པོར་སྨི་800ཡོད་པ་རེད།
འདི་ནི་འཇར་མན་གྱི་ཐེའོ་ཏུན་བའི་གྲུ་གཟིངས་འབྲུག་གཟུགས་མའི་རུ་ཁག་གི་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།