དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བཞི་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་4.7%འཕར་བ།

    ཟླ་དང་པོ་ནས་བཞི་པའི་བར་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་གློག་གསོག་གློག་བརྗེའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་41.6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-25

    ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་བཞི་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་7721ཟིན་པ་དེ་དུས་མཚུངས་ལས་4.7%འཕར་བ་དང་། ཐོན་ལས་དབྱེ་ནས་གློག་སྤྱོད་ཚད་ལ་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་110ཟིན་པ་དེ་དུས་མཚུངས་ལས་13.8%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5285ཟིན་པ་དེ་དུས་མཚུངས་ལས་3.0%འཕར་བ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1390ཟིན་པ་དེ་དུས་མཚུངས་ལས་9.0%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་936ཟིན་པ་དེ་དུས་མཚུངས་ལས་7.0%འཕར་ཡོད་པ་རེད།

    ཟླ་དང་པོ་ནས་བཞི་པའི་བར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་31566ཟིན་པ་དེ་དུས་མཚུངས་ལས་3.1%འཕར་བ་དང་། ཐོན་ལས་དབྱེ་ནས་གློག་སྤྱོད་ཚད་ལ་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་424ཟིན་པ་དེ་དུས་མཚུངས་ལས་10.0%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་20497ཟིན་པ་དེ་དུས་མཚུངས་ལས་2.3%འཕར་བ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5856ཟིན་པ་དེ་དུས་མཚུངས་ལས་6.0%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་4789ཟིན་པ་དེ་དུས་མཚུངས་ལས་2.5%འཕར་ཡོད་པ་རེད།

    ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་བསྡོམས་རྩིས་དང་གྲངས་གཞི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཅང་ཏེ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་དུས་མཚུངས་ལས་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་པ་དང་། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་དུས་མཚུངས་ལས་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.8མཐོ་རུ་ཕྱིན་ཡོད། དེའི་ནང་ཆ་འཕྲིན་བརྒྱུད་གཏོང་དང་། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་13.2%འཕར་བ་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཁྲོད་ཀྱི་གློག་གསོག་གློག་བརྗེའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་41.6%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།