དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་མ་གནས་དམའ་རུ་གཏོང་བ།

    བྱེད་ཐབས་ཁག་23སྤྱད་དེ་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-25

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་ཚོང་དུད་ཀྱི་མ་དངུལ་བསྡུ་སྒྲིལ་གནས་ཚུལ་སྔར་བས་ལེགས་སུ་གཏོང་ཆེད། ཉེ་ཆར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། ཀྲུང་གོ་མི་དམངས་དངུལ་ཁང་། ཀྲུང་གོ་དངུལ་འཛིན་ལྟ་སྡོམ་ཁང་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་དུ《ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའ་ཤས》བཀྲམ་པ་རེད།

    མ་དངུལ་བསྡུ་སྒྲིལ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་བ། མ་དངུལ་བསྡུ་སྒྲིལ་གྱི་ལས་ཆོད་ཆེ་རུ་གཏོང་བ། རྒྱབ་སྐྱོར་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ་སོགས་ཕྱོགས་བརྒྱད་ཐད་ནས་བྱེད་ཐབས་ཁག་23བཏོན་པ་སྟེ། མ་དངུལ་བསྡུ་སྒྲིལ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་མཐུན་སྦྱོར་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བའི་ལམ་སྲོལ་བཏོན་ནས་ཕྱི་ཕྱོགས་ཚོང་དོན་དང་། དམངས་གཉེར། ཚན་རྩལ། འཛད་སྤྱོད་སོགས་གཙོ་གནད་ཁྱབ་ཁོངས་ལ་ཕྱོགས་ནས་རོགས་སྐྱོར་ཐོན་ཁུངས་དང་སྦྲེལ་མཐུད་བྱ་རྒྱུ་དང་། ལེན་ཐེངས་དང་པོའི་དངུལ་བུན་དང་། ཡིད་རྟོན་དངུལ་བུན། དུས་ཡུན་རིང་འབྲིང་གི་དངུལ་བུན། ཁྲིམས་མིའི་རིགས་ཀྱི་དངུལ་བུན། དམངས་གཉེར་རིགས་ཀྱི་དངུལ་བུན་སོགས་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་ལས་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་བསྐྱར་མ་སོགས་གྲུབ་ཆའི་རང་བཞིན་ལྡན་པའི་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་བེད་སྤྱོད་ཡག་པོ་བྱ་རྒྱུ། ཕྲན་ཚེགས་ཁེ་ལས་ཀྱི་མ་བཞག་མཐུད་བུན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། ཕྲན་ཚེགས་ཁེ་ལས་ཀྱིས་རྐང་དབང་མ་དངུལ་བསྡུ་སྒྲིལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད། ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་བའི་ཐད། དངུལ་ཁང་ཁག་ལ་དངུལ་བུན་གྱི་སྐྱེད་ཀ་གཏན་འཁེལ་དོ་དམ་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་སྐྱེད་ཀ་གཏན་འཁེལ་ལུགས་མཐུན་བྱེད་དགོས་པའི་ནན་བཤད་བྱ་རྒྱུ་དང་། དངུལ་བུན་གྱི་ཟུར་སྣོན་གྲོན་དངུལ་དམའ་རུ་གཏོང་བ། དངུལ་ཁང་ཁག་ལ་སྒྲིག་འགལ་གྲོན་བསྡུ་མེད་པར་བཟོ་རྒྱུའི་མཛུབ་ཁྲིད་བྱས་ནས་དངུལ་ཁང་དང་ཕྱོགས་གསུམ་པའི་དབར་གྱི་མཉམ་ལས་ཚད་ལྡན་དུ་གཏོང་རྒྱུ། དངུལ་རྩའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་མཚམས་སྦྱོར་བའི་ཚུལ་མིན་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་རྒྱུ་བཅས་རེད།

    བྱེད་ཐབས་ནང་། དྲ་ཐོག་དངུལ་བུན་འཕེལ་རྒྱས་བརྟན་པོ་གཏོང་བ་དང་། དྲ་ཕྱིའི་དངུལ་བུན་སྒྲུབ་གཉེར་ལས་ཕྱོད་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མ་དངུལ་བསྡུ་སྒྲིལ་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁེ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁེ་ལས་འབྲིང་ཆུང་རིགས་འབྱེད་ཚད་གཞིར་བཟོ་བཅོས་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱབ་སྐྱོར་གནད་འཁེལ་རང་བཞིན་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།