ཀྲེ་ཅང་ཧྲའོ་ཤིང་གི་རི་གྲོང་ཆུང་ཆུང་ཞིག་ལ་དུས་གཏན་ཐད་འཕུར་གནམ་གྲུ་འབྱོར་བ།
ཉེ་ཆར། ཧྲང་ཧའེ་ཕུའུ་ཏུང་ནས་འཕུར་ཡོང་བའི་ཐད་འཕུར་གནམ་གྲུ་ཞིག་ཀྲེ་ཅང་ཧུང་ཏོའུ་ཤན་ཞཱ་ལུང་ཏུང་བབས་ཚུགས་སུ་བབས་པ་དང་བསྟུན་ནས། ཀྲེ་ཅང་ཧྲའོ་ཤིང་ཅི་ཏུང་གྲོང་རྡལ་ལུང་ཏུང་གྲོང་ཚོ་ནས་ཧྲང་ཧའེ་ཕུའུ་ཏུང་བར་གྱི་དམའ་དབྱིངས་པཱ་ཧྲི་དངོས་སུ་ཤར་གཏོང་ཐུབ་པ་རེད། དུས་གཏན་གནམ་གྲུ་འདི་ཤར་གཏོང་ཐུབ་པ་ལས་ཧྲའོ་ཤིང་གི“2030ལོའི་ཀུན་སྤྱོད་མཁའ་འགྲུལ་མཁའ་ལམ་30”ཡི་འཆར་འགོད་མགྱོགས་མྱུར་དོན་འཁྱོལ་ཐུབ་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་སྒྲུབ་དང་དམའ་དབྱིངས་དཔལ་འབྱོར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པར་གསོན་ཤུགས་བསྣན་པ་མཚོན་ཡོད།
འདི་ནི་ལུང་ཏུང་གྲོང་ཚོའི་ཡུལ་མི་ཚོས་ཐད་འཕུར་གནམ་གྲུར་ལྟ་སྐོར་དང་མྱོང་རོལ་བྱེད་པའི་རྣམ་པ་ཡིན་པ།