དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྲི་ཆུའི་སྟོད་རྒྱུད་ཀྱི་འབའ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ནས་གློག་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-25

    ཉིན་ཤས་གོང་། འབྲི་ཆུའི་སྟོད་རྒྱུད་དུ་གནས་པའི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་སྟེ། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་འབའ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ཆུ་ཚོད་72ཀྱི་རིང་ཚོད་ལྟའི་འཁོར་སྐྱོད་བྱས་རྗེས་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཡོད།

    འབའ་ཐང་ཆུ་ཤུགས་གློག་ཁང་ནི་བོད་ལྗོངས་སྨར་ཁམས་རྫོང་དང་སི་ཁྲོན་འབའ་ཐང་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གཞུང་ཨ་མར་གནས་པ་དང་དེ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་འདེགས་སྐྱོར་གློག་ཁུངས་གལ་ཆེན་ཞིག་རེད། གློག་ཁང་དུ་ཆན་ཝ་ཁྲི་25ཟིན་པའི་བསྲེས་བཞུར་རྣམ་པའི་ཆུ་འཁོར་གློག་འདོན་འཕྲུལ་ཙུའུ་3སྒྲིག་སྦྱོར་བྱས་ཡོད་པ་དང་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་75ཟིན་གྱི་ཡོད་པ་རེད།

    ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་འབའ་ཐང་ཆུ་ཤུགས་གློག་ཁང་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་རྗེས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ནུས་ལྡན་ཐུབ་སྟེ་ས་ཁོངས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ལ་སྒུལ་ཤུགས་བསྣན་ནས། འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་གྱི་གསར་སྤེལ་བེད་སྤྱོད་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཆུ་རླུང་འོད་བཅས་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞི་གང་མགྱོགས་སྐྲུན་པར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།