དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “དབུལ་པོ་ཉུང་གཏོང་དང་དེང་རབས་ཅན་གྱི་བྱ་གཞག་ལ་སྒུལ་ཤུགས་དེ་བས་མང་བ་སྣོན་དགོས”

    —— ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-24

    ཟླ་5ཚེས་20ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་ཕྱོགས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཕྱོགས་ཁག་དང་མཉམ་དུ་སྲིད་ཇུས་འབྲེལ་གཏུག་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་བྱེད་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་དེ་བས་མང་བ་ཞིག་ལ་རང་ངོས་ཀྱི་རྒྱལ་བབ་དང་མཐུན་པའི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་རོགས་བྱས་ཏེ། དབུལ་པོ་རྦད་དེ་མེད་པ་དང་ཐུན་མོང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ལག་གདང་སྦྲེལ་ནས་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། ཚོགས་ཞུགས་སྐུ་མགྲོན་དང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས་བརྗོད་དོན། རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་པོ་བསལ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚད་གཏིང་ཟབ་ཏུ་གཏོང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་མངགས་བཅོལ་ཟབ་མོ་གང་ལེགས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཚེ་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་ཕན་ཐོགས་ཡོད།

    “ཀྲུང་གོས་མི་རྣམས་ལ་ལྕག་སྐུལ་ཐེབས་པའི་མིག་དཔེ་བཏོན་པ”

    ད་ཐེངས་ཀྱི་གླེང་སྟེགས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ལྷན་དང་ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་གཞོན་པ་པི་མཱ་ལཱ·ཅི་སྨི་ལུའེ་ཡིས་ས་གནས་ས་ཐོག་གི་གླེང་སྟེགས་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཉན་རྗེས་རྟེན་འབྲེལ་འཕྲིན་ཡིག་ནང་ནས་ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུའི་རེ་སྒུག་གནང་བ་ཚོར་བྱུང་། ནེ་པ་ལ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་གཞན་དག་དང་མཉམ་དུ་འབད་བརྩོན་བྱས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་དེ་བས་ཡག་པ་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཧ་སག་སི་ཐན་གྱི《ཧ་སག་སི་ཐན་དངོས་ལས་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁོའར་རུའུ་མུའུ་པཱ་ཡེ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་གཞོལ་རྒྱུའི་གལ་ཆེའི་རང་བཞིན་ནན་བཤད་གནང་བ་དང་། གནད་སྨིན་དབུལ་སྐྱོར་སོགས་ཀྲུང་གོའི་ཉམས་མྱོང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ལ་དཔྱད་གཞིའི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ང་ཚོར་རྒྱུན་ཆད་མེད་པར་དམངས་འཚོ་ལེགས་སུ་གཏོང་རོགས་བྱས་པ”

    ཀྲེ་ཅང་སློབ་ཆེན་འགྲིམ་བཞིན་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཨ་སེན་པེ་ཁེ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བཏོན་གནང་བའི“དབུལ་པོ་ཉུང་གཏོང་གི་གནད་དོན་ནི་མཐར་གཏུག་ནས་བརྗོད་ན་འཕེལ་རྒྱས་ཀྱི་གནད་དོན་ཞིག་རེད”ཅེས་པའི་ཐད་བག་ཆགས་ཟབ་མོ་བྱུང་ཡོད། ཀྲུང་གོར་སྡོད་རིང་ཨ་སེན་པེ་ཁེ་ཡིས་ཀྲུང་གོའི་གྲོང་གསེབ་མི་ཉུང་བ་ཞིག་གིས་དྲ་ཚོང་སོགས་འཕེལ་རྒྱས་ཧུར་ཐག་བཏང་བ་བརྒྱུད་ཡུལ་མིའི་ཡོང་འབབ་འཕར་བའི་དཔང་པོ་བྱས་ཡོད། “རྣམ་པ་དེ་རིགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དཔྱད་གཞིའི་དོན་སྙིང་ཆེན་པོ་ལྡན་ཡོད”ད་ཆ་ཨ་སེན་པེ་ཁེས་ཀྱང་དྲ་ཚོང་ལས་གཏོད་ཚོད་ལྟ་བྱེད་བཞིན་ཡོད་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྟེགས་ལ་བརྟེན་ནས་རང་ཉིད་ཕ་ཡུལ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྲུང་གོ་དང་ཐ་ན་འཛམ་གླིང་ཡོངས་ལ་ཕྱིར་ཚོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    ཨུ་ཟ་བྷེ་ཁི་སི་ཐན་འཕེལ་རྒྱས་འཐབ་ཇུས་ལྟེ་གནས་ཀྱི་ཀྲུའུ་རེན་ཨེར་ཏུའོ·ཐུའུ་ལི་ཡཱ་ཁོ་ཧྥུའུ་ཡིས་བརྗོད་དོན། ལོ་ལྔའི་རིང་ཨུ་ཟ་བྷེ་ཁི་སི་ཐན་གྱི་གཞུང་ལས་པ་སྟོང་ཕྲག་མང་པོ་ཀྲུང་གོར་བསྐྱོད་ནས་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ནང་ཞུགས་པའི་ནང་དབུལ་པོ་ཉུང་གཏོང་དང་། ཞིང་ལས། སྤྱི་པའི་དོ་དམ། ལས་གཏོད། དཔལ་འབྱོར་དངུལ་རྩ། ནུས་རྒྱུ་སོགས་ཁྱབ་ཁོངས་ཚུད་ཡོད། ཀྲུང་གོ་ཕྱོགས་ཀྱི་གསོ་སྦྱོང་རྣམ་གྲངས་ལས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་རིམ་སྤོར་ལ་འདེགས་སྐྱོར་བྱས་ཡོད།

    ད་ལོའི་ཟླ་4པར། ཕ་ཁི་སི་ཐན་གྱི་ཞིང་ལས་ལག་རྩལ་པ་300ཧྲའན་ཤིས་དབྱང་ལིང་དུ་ཞིང་ལས་ལག་རྩལ་གསོ་སྦྱོང་དང་ལེན་བྱེད་པར་བསྐྱོད་ཅིང་། ཕ་ཁི་སི་ཐན་གྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧ་ལི་ཏེ·ཨ་ཁེ་ལ་མུའུ་ཡིས། “དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ང་ཚོར་རྒྱུན་ཆད་མེད་པར་དམངས་འཚོ་ལེགས་སུ་གཏོང་རོགས་བྱས་བྱུང་ལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བརྗོད་པ་རེད།

    “ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་དང་དེང་རབས་ཅན་གྱི་བྱ་གཞག་ལ་སྒུལ་ཤུགས་དེ་བས་མང་བ་བསྣན་པ”

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གླེང་སྟེགས་ཀྱིས་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། ཁུལ་ཁོངས་ཀྱི་དབུལ་པོ་ཉུང་གཏོང་གི་མཉམ་ལས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་དམིགས་པའི་རྒྱལ་སྤྱིའི་སྤེལ་རེས་ལས་སྟེགས་བསྐྲུན་ཞིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་ཀྲན་ནེ་ཧྲི·ཁའེ་ཨེན་གྱིས་གླེང་སྟེགས་ཐོག་ཤིས་ཚིག་གནང་སྐབས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་ལག་རྩལ་ཁྱབ་གདལ་གཏོང་བ། ཐག་རིང་ལུང་ཁུག་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་བ་བཅས་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་ཡིན། ཀྲུང་གོས་དབུལ་པོ་ཉུང་གཏོང་དང་། མཐོ་རིམ་གླེང་སྟེགས་འཕེལ་རྒྱས། ཞིང་ལས་ལག་རྩལ་སྤེལ་རེས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་དེ་བས་མང་བས་རང་ངོས་ཀྱི་རྒྱལ་བབ་དང་མཐུན་པའི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུར་འདེགས་སྐྱོར་བྱས་ཡོད།

    ཨུ་རུ་སུའི་ཤིས་པོ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥུའུ་ལཱ་ཅི་མིར·ཏ་ཆི་ཧྲེན་གྱིས། ཀྲུང་གོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་གོ་སྐབས་མཉམ་སྤྱོད་བྱས་ཏེ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་དང་དེང་རབས་ཅན་གྱི་བྱ་གཞག་ལ་སྒུལ་ཤུགས་དེ་བས་མང་བ་སྣོན་དགོས”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།