དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡ་དབུས་མའི་རྒྱ་རིགས་ཀྱི་ཤེས་རིག་ཚོགས་ཆེན་སྐབས་དང་པོ་ཨ་ལ་མུའུ་ཐུའུ་རུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-24

    ཚེས་21ཉིན། ཨེ་ཤེ་ཡ་དབུས་མའི་རྒྱ་རིགས་ཀྱི་ཤེས་རིག་ཚོགས་ཆེན་སྐབས་དང་པོ་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཨ་ལ་མུའུ་ཐུའུ་རུ་འཚོགས་པ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་150ལྷག་ཙམ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་ཚོགས་འདུར་ཞུགས་ནས། ཨེ་ཤེ་ཡ་དབུས་མའི་རྒྱ་རིགས་ཀྱི་ཤེས་རིག་གི་མིག་སྔའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་མཉམ་དུ་གྲོས་བསྡུར་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་རིག་གཞུང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་རེད།

    ཧ་སག་སི་ཐན་གྱི་དབྱི་ཧུའེ་གྲོས་ཚོགས་གོང་མའི་གྲོས་དཔོན་ཨ་ཞི་མུའུ་པ་ཡེ་ཧྥུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུང་གོ་ནི་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་མཉམ་ལས་ནང་རྨང་གཞིའི་སྒྲིག་བཀོད་དང་། ཚོང་དོན། སློབ་གསོ། ཚན་རིག་རིག་གནས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། དེར་བརྟེན། ད་ཐེངས་ཀྱི་ཚོགས་ཆེན་དེ་ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཁས་དབང་དབར་མཉམ་འགུལ་སྤེལ་རེས་བྱེད་པའི་ལས་སྟེགས་ཤིག་ཡིན་པའི་ངོས་ནས་དེའི་འཕེལ་རྒྱས་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ་རེད།

    ཨ་ལ་མུའུ་ཐུའུ་གྲོང་ཁྱེར་རྒྱ་རིགས་ཀྱི་ཤེས་རིག་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏི་ན་ལ·ཏའོ་ཡན་གྱིས། ཀྲུང་གོའི་སྐད་ཡིག་རིག་གནས་དང་། ལོ་རྒྱུས། དེང་རབས་འཕེལ་རྒྱས་འགྲོ་ཕྱོགས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་ཀྱི་ཀྲུང་གོའི་གནས་བབ་བཅས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱ་རྒྱུ་དེ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།