དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་ཞིབ་འཇུག་སློབ་སྦྱོང་ལ་ཡོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-24

    ཉིན་ཤས་གོང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི་ཝེ་ཐེ་ནམ་གྱི་གཞོན་ནུའི“གསར་བརྗེའི་ཞིབ་སློབ་འགྲུལ་བཞུད”ཀྱི་བྱེད་སྒོ་ཐོག་མ་དང“སྤོ་བོ་ཧུའུ་ལགས་ཀྱི་ཞབས་རྗེས་དེད་པའི”ཞིབ་སློབ་སྒར་ས་ཀོང་ཤིས་དང་ཀོང་ཏུང་དུ་སྤེལ་བ་དང་། ཝེ་ཐེ་ནམ་གྱི་གཞོན་ནུའི་འཐུས་མི་75ཀོང་ཤིས་ཀྱི་ནན་ཉིང་དང་། ཀུའེ་ལིན། པའེ་སེ། ཁྲུང་ཙུའོ། ཧྥང་ཁྲེང་གྲུ་ཁ་བཅས་དང་དེ་བཞིན་ཀོང་ཏུང་གི་ཀོང་ཀྲོའུ་སོགས་སུ་བསྐྱོད་དེ་བརྗོད་དོན་གཙོ་བོའི་འཆད་ཁྲིད་ཉན་པ་དང་། གསར་བརྗེའི་ཞིབ་སློབ་ཀྱི་སློབ་ཁྲིད་ས་ཚིགས་སུ་འདྲི་རྟོག་བྱས་པ། གཞོན་ནུའི་འཕེལ་རྒྱས་དང་། གསར་གཏོད་ལས་གཏོད། དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་བརྗོད་དོན་གཙོ་བོར་དམིགས་ཏེ་ཀྲུང་གོའི་ལས་རིགས་ཁག་གི་གཞོན་ནུ་དང་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བཅས་བྱས་པ་རེད། འདི་ནི་ཝེ་ཐེ་ནམ་གྱི་གཞོན་ནུས་ཀོང་ཤིས་དགེ་འོས་སློབ་ཆེན་གྱི་ཟ་ཁང་དུ་ཁོང་ཚོས་བཟོས་པའི་ཆུ་མོག་སྟོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།