དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་སྤྱི་འདོམས་ཁུལ་227དུ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བརྒལ་བའི་མཉམ་སྤྱོད་མངོན་འགྱུར་བྱུང་བ།

    བོད་ཀྱིས་ས་ཁོངས་ཡོངས་སུ་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-24

    ཚེས་22ཉིན། གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་5ཚེས་8ཉིན་བར། ཞིང་ཆེན་21དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྤྱི་འདོམས་ཁུལ་227ལ་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་སྤྱོད་འགོ་ཚུགས་ཏེ་ཞིང་ཆེན་བརྒལ་བའི་མཉམ་སྤྱོད་མངོན་འགྱུར་བྱུང་ཡོད།

    སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ནི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་Appཡི་བྱེད་ནུས་ཤིག་ཡིན་ལ། གཉེན་ཉེའི་དབར་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་མཉམ་སྤྱོད་བྱེད་པའི་བྱ་ཐབས་ཤིག་ཀྱང་རེད། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་གི་དངུལ་བསྒྱུར་བྱེད་ནུས་སྤྱད་ན། མི་སྒེར་གྱིས་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའམ་ཡང་ན་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ནང་གི་མ་དངུལ་གཉེན་ཉེའི་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ནང་བསྒྱུར་ནས། སྨན་པ་བསྟེན་པ་དང་སྨན་ཉོ་བའི་གྲོན་དངུལ་རྩིས་ཞུ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་བ་སོགས་ཀྱི་ཐད་སྤྱོད་ཆོག་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་པེ་དང་། ནང་སོག ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧྲན་ཏུང་། ཧོ་ནན། ཧོ་པེ། ཀོང་ཤིས། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། ཤིན་ཅང་བཅས་ཞིང་ཆེན་21དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྤྱི་འདོམས་ཁུལ་227ལ་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་སྤྱོད་འགོ་ཚུགས་ཤིང་། དེའི་ནང་ཧོ་པེ་དང་། ཨན་ཧུའེ། ཧྲན་ཏུང་། ཧོ་ནན། ཧོ་པེ། ཀོང་ཤིས། སི་ཁྲོན། བོད་ལྗོངས། ཀན་སུའུ། ཤིན་ཅང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་སྡེ་ཚན་11གིས་ས་ཁོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་སྤྱོད་འགོ་ཚུགས་ཡོད། ཧོ་པེ་དང་། ཨན་ཧུའེ། ཀོང་ཤིས། བོད་ལྗོངས། ཀན་སུའུ། ཧེ་ལུང་ཅང་བཅས་ཞིང་ཆེན་དྲུག་གིས་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་སྤྱོད་ཡུལ་བསྒྱུར་བའི་བྱེད་ནུས་ཤར་གཏོང་བྱས་ཡོད།

    ན་ནིང་ཟླ་12པར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཅང་སུའུ་སུའུ་ཀྲོའུ་རུ་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་དངོས་སུ་བྱེད་འགོ་ཚུགས་ཏེ་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བརྒལ་ནས་རང་ཉིད་ཀྱི་གཉེན་ཉེས་གྲོང་མིའི་སྨན་བཅོས་འགན་བཅོལ་དང་སྨན་བཅོས་འགྲོ་གྲོན་འཇལ་བར་སྤྱོད་ཆོག་གི་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་གོམ་སྟབས་རྗེས་མར་ས་ཁུལ་གཞན་དག་ཏུ་ཤར་གཏོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འབྲེལ་ཡོད་ལས་སྒོའི་བརྒྱུད་རིམ་རྒྱུན་མཐུད་ངང་ལེགས་སུ་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།