དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་བདེ་འཇགས་དོ་དམ་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

    སྡེ་ཁུལ་གྱི་ཉེན་དོན་ལམ་སྲོལ་གསར་པ་གང་མགྱོགས་འཛུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-24

    ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་བདེ་འཇགས་དོ་དམ་ལས་དོན་གྱི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་བདེ་ལས་ཁུངས་ཀྱི་འཐབ་ནུས་གསར་མ་ཆེ་རུ་གཏོང་བར་དམིགས་ནས་ཆེད་ལས་བདེ་འཇགས་ཀྱི་ཉེན་རྟོག་པའི་རིགས་སྟོབས་ཆེར་གཏོང་བ་དང་། དེང་རབས་ཀྱི་ཉེན་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞི་ཆེན་པོ་འཛུགས་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བདེ་འཇགས་དོ་དམ་ལས་དོན་གྱི་ཁྲིམས་སྐྱོང་ཅན་དང་། ཆེད་ལས་ཅན། རིག་ནུས་ཅན། སྤྱི་ཚོགས་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། འགོག་ཟོན་དེ་བས་རང་འགུལ་དང་། རྡུང་རྡེག་དེ་བས་གནད་སྨིན། བཅོས་སྐྱོང་དེ་བས་གཏིང་ཟབ། ཞབས་ཞུ་དེ་བས་ལས་ཕྱོད་ཆེ་བ་བཅས་ཡོང་བར་བྱེད་དགོས།

    སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་བར་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱ་ཆེད། སྤྱི་བདེ་ལས་ཁུངས་ཀྱིས་འབྱུང་རྩ་ནས་འགོག་ཟོན་ཏན་ཏིག་བྱེད་པ་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་གཏོང་བ། རྒྱུ་རྐྱེན་གཙོ་བོར་དམིགས་ཏེ་སྤྱི་ཚོགས་ཐོག་སྐོར་གཡེང་བྱས་ནས་སྔོན་འགོག་དང་ཚོད་འཛིན་དང་། གཙོ་གནད་ལྷུ་ཚིགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་འགོག་ཟོན། ཉེན་ཡོད་དངོས་རྫས་ཀྱི་བདེ་འཇགས་ལྟ་འདོམས་བཅས་ལ་སྤྱི་འདོམས་ཤུགས་སྣོན་རྒྱག་པ། རང་འགུལ་ངང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྔ་ས་དང་ཆུང་ས་ནས་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མེ་མདའ་དང་འབར་གས་དང་འབྲེལ་བ་ཡོད་པ་དང་། ཆགས་སྲེད་དང་རྒྱན་འགྱེད་དང་འབྲེལ་བ་ཡོད་པ། ཉ་ལས་དང་། བྱེ་མ། ཆུ་ཐོག་སྐྱེལ་འདྲེན་བཅས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་སྟེ། འབྱུང་རྩ་ནས་རྡུང་རྡེག་དང་། ནག་ཚང་གཏོར་བ། འབྲེལ་ཐག་གཅོད་པ། དྲ་རྒྱ་གཏོར་བ། སྐྱེ་ཁམས་བཅོས་སྐྱོང་བཅས་བྱེད་པ་དང་། འཕྲལ་སྡོམ་ཐག་གཅོད་འཐུས་ཚང་དུ་བཏང་ནས། འཕྲལ་སྡོམ་སྟོབས་ཤུགས་འདང་ངེས་ཡོང་བ་དང་། འཕྲལ་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། མངགས་གཏོང་ཁང་གིས་འགོག་ཟོན་གཙོ་བོ་དོན་འཁྱོལ་གཏིང་ཟབ་བྱས་ནས། འགོག་ཟོན་གཙོ་བོའི་སྟོབས་ཤུགས་སྔར་བས་འདང་ངེས་ཡོང་བ་དང་འགོག་ཟོན་གཙོ་བོའི་ནུས་པ་ཆེ་རུ་བཏང་སྟེ། སྡེ་ཁུལ་གྱི་ཉེན་དོན་ལམ་སྲོལ་གསར་པ་གང་མགྱོགས་འཛུགས་པ་དང་། རིག་ནུས་ཅན་གྱི་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། བདེ་འཇགས་དོ་དམ་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།