ཁྲག་རྒྱུད་འབྲེལ་བ་མེད་པའི་ཁྲག་འགྲུབ་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་ཚད་ཁྲི་2ལྷག་ཙམ་ཟིན་པ།
གསར་འགོད་པར་ཀྲུང་ཧྭའི་རྐང་མར་མཛོད་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱི་ལྟེ་བའི་སྨན་ཁང་དུ་ཧུའུ་ནན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་གི་སློབ་མ་ཞིག་གིས་ཁྲག་འགྲུབ་ཕྲ་ཕུང་ཨ་མ་ཧའོ་ཧྲེང་300ཙམ་ཞལ་འདེབས་ཕུལ་བ་དེ་ཐོག་ནས་ཀྲུང་ཧྭའི་རྐང་མར་མཛོད་དུ་ཁྲག་རྒྱུད་འབྲེལ་བ་མེད་པའི་ཁྲག་འགྲུབ་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་ཚད་ཁྲི་2ལས་བརྒལ་བ་མཚོན་ཡོད་པ་རེད།
ལོ་20ལྷག་ཙམ་རིང་འཕེལ་རྒྱས་བཏང་བ་བརྒྱུད། ཀྲུང་ཧྭའི་རྐང་མར་མཛོད་ཀྱི་མཛོད་འཇུག་གྲངས་གཞི་མི་གྲངས་ཁྲི་360ལྷག་ཙམ་ཟིན་ཏེ། འཛམ་གླིང་གི་ཨང་བཞི་པ་དང་ཨེ་ཤེ་ཡའི་ཨང་དང་པོའི་རྐང་མར་མཛོད་ལ་གྱུར་པ་དང་། རྒྱལ(ས་ཁོངས)ཕྱིར་ཞལ་འདེབས་འབུལ་ཚད་400ལྷག་ཙམ་ཟིན་ཏེ། ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོང་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།