ནན་ཉིང་གི་མཚན་མོའི་དཔལ་འབྱོར་ལས།
“སྒྲིག་ལམ་ཡག་པོ”དང“ལྟོ་ཆས་ཞིམ་པོ”མཉམ་འདྲེས་ཐུབ་པ།
ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ནན་ཉིང་གྲོང་ཁྱེར་གྱིས་མཚན་མོའི་དཔལ་འབྱོར་གྱི་འཛད་སྤྱོད་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་འཛད་སྤྱོད་ཉམས་ལེན་རིམ་སྤོར་ལ་དམིགས་པ་དང་རིག་གནས་དང་། ཚོང་ལས། ཡུལ་སྐོར་བཅས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ལང་ཤིས་དང་། ཕིང་ཤིས། ཅན་ཀྲེང་། ཤིས་ཀོན་སོགས་ཁྱད་ལྡན་གྱི་མཚན་ཁྲོམ་མང་པོ་བཏོད་ཡོད། མཚན་མོ་སྐོར་བ་དང་མཚན་མོའི་འཁྲབ་སྟོན་ནས་མཚན་མོའི་རོལ་རྩེད་བར་མཚན་མོའི་དཔལ་འབྱོར་དེ་བཟའ་བཏུང་ཉོ་སྒྲུབ་ཀྱི་མཚན་ཁྲོམ་ནས་རིམ་བཞིན་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་སྒུལ་ནུས་གསར་པར་འགྱུར་བར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་ཆེད། ནན་ཉིང་གྲོང་ཁྱེར་ཡོངས་སུ་ཚད་ལྡན་ཁྲོམ་ཁུལ་210བཀོད་སྒྲིག་བྱས་པར་ཁྲོམ་བཀྱག་ཁྲི་1.4ཡོད་པ་དང་། ཚོང་པ་ཉི་ཚེ་བ་གོ་རིམ་ལྡན་པའི་སྒོ་ནས་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བྱས་པས“ལྟོ་ཆས་ཞིམ་པོ”དང“ཤེས་དཔལ་སྲོལ་བཟང”མཉམ་འགུལ་ཡག་པོ་ཐུབ་ཅིང་། འདི་ནི་ཚོང་པས་ནན་ཉིང་གྲོང་ཁྱེར་ཤིས་ཀོན་མཚན་ཁྲོམ་དུ་ཞིམ་ཟས་གྲ་སྒྲིག་བྱེད་བཞིན་པ།