2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཚེས་22ཉིན་གྱི་སྔ་དྲོར། 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འགྲན་བསྡུར་སྟབས་བསྡུས་པོ་ཞིག་གཉེར་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྒྲིག་ལམ་ནན་ཞིང་སྟབས་བདེ་བ་དང་ཞིབ་རྩིས་རྒྱག་མཁས་པོ་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་གྲོན་དངུལ་བཀོད་སྒྲིག་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་འགྲན་བསྡུར་གྱི་ལས་དོན་ཁག་ནང་དོན་འཁྱོལ་ཏན་ཏིག་བྱེད་དགོས། འགྲན་བསྡུར་བདེ་འཇགས་ངང་གཉེར་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། བདེ་འཇགས་ཀྱི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོར་བཟུང་མཐའ་འཁྱོངས་ཀྱིས་འགྲན་བསྡུར་གྱི་བདེ་འཇགས་བླང་བྱ་དེ་འགྲན་བསྡུར་གྲ་སྒྲིག་དང་འགྲན་བསྡུར་གཉེར་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་དོན་འཁྱོལ་ཏན་ཏིག་བྱེད་དགོས། འགྲན་བསྡུར་འཁྲུག་པོ་ཞིག་གཉེར་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྐུ་མགྲོན་གདན་འདྲེན་ཞུ་བ་དང་། འགོ་ཚུགས་དང་མཇུག་འགྲིལ་མཛད་སྒོ་སྒྲིག་འཛུགས། རིག་རྩལ་འཁྲབ་སྟོན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་དྲིལ་བསྒྲགས་གཏོང་སྤེལ་དང་། དེ་བཞིན་རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་འཆར་འགོད་ཡག་པོ་བྱེད་དགོས།