དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཞལ་པར་ནས་བཀའ་མོལ་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-24

    ཟླ་5ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་5པར་ངས་ཧྥ་རན་སེར་འཚམས་འདྲི་བྱེད་སྐབས་ཕྱོགས་གཉིས་པོས་རང་ཚུགས་རང་བདག་དང་། ཕན་ཚུན་བསམ་ཤེས། མིག་རྒྱང་རིང་བ། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་འཛུགས་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད་ལ། དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་པར་བརྟེན་ཀྲུང་གོ་དང་ཧྥ་རན་སེའི་མཉམ་ལས་ལ་སླར་ཡང་གྲུབ་འབྲས་གསར་པ་མང་པོ་ཐོབ་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་དགོས། གོ་སྐབས་དམ་འཛིན་བྱས་ནས་མ་འཇོག་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ཉིང་རྡུལ་ནུས་པ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། གྲངས་འཛིན་དང་། ལྗང་མདོག སྐྱེ་དངོས་སྨན་རྫས། དབུ་དཀར་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་མི་དམངས་ཀྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་རེད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་རང་ཚུགས་རང་བདག་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་རྒྱལ་སྤྱིའི་སྒྲིག་ལམ་གསར་གཏོད་པ་དང་འཛུགས་སྐྲུན་མཁན་ཞིག་ཀྱང་ཡིན་པས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་མཉམ་དུ་སྲུང་སྐྱོང་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་དང་འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས། རྒྱལ་སྤྱིའི་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ན། དེ་ཙམ་གྱིས་ཀྲུང་གོ་དང་ཧྥ་རན་སེས་ཡང་དག་པའི་འཐབ་ཇུས་གདམ་ག་བྱས་ཏེ། ཐུན་མོང་ཐོག་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་གྱི་བློས་འགེལ་ཆོག་པའི་སྟོབས་ཤུགས་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་སྒོ་དབྱེའི་སྟོབས་ཤུགས། ཕྱོགས་མང་མཉམ་ལས་ལ་སྣེ་ཁྲིད་བྱེད་པའི་ཡར་ཐོན་སྟོབས་ཤུགས་བཅས་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་འདི་ཉིད་འཛམ་གླིང་སྣེ་མང་གི་རང་བཙན་གྱི་སྣེ་ཞིག་ཏུ་བརྩིས་ནས་ཡོ་རོབ་མནའ་འབྲེལ་གྱིས་འཐབ་ཇུས་ཀྱི་རང་བདག་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་གལ་ཆེན་བཏོན་ཡོད། ཡོ་རོབ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ། ཕྱོགས་གཉིས་ཀར་བདེ་སྐྱིད་སྐྲུན་པ་དང་འཛམ་གླིང་ལ་ཕན་པའི་གྲུབ་འབྲས་དེ་བས་མང་བ་གཏོད་འདོད་ཡོད།

    མཱ་ཁེ་ལུང་གིས་གསུངས་དོན། ཧྥ་རན་སེ་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོ་བཅས་ཀྱི་འབྲེལ་བ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དེར་འཛམ་གླིང་གི་དོན་སྙིང་ལྡན་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་

    (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་གཏོང་མི་སྲིད། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་གྱི་མ་འཇོག་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཀྱི་འགན་འཁྲི་ཁུར་ནས་གླེང་མང་བའི་གནད་དོན་རིམ་འཕར་དང་ཕྱིར་མཆེད་པར་སྔོན་འགོག་བྱས་ཏེ། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་འདོད་ཡོད། ཡོ་རོབ་དང་ཀྲུང་གོས་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་དེ་བས་མང་དུ་བཏང་ནས་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག དབྱི་རན་གྱི་ཉིང་རྡུལ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་ཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།