དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁུར་པོ་ཡང་དུ་དང་འགན་འཁྲི་ལྕི་རུ་བཏང་ནས་གཞི་རིམ་གྱི་ཞབས་ཞུར་དེ་བས་ཕན་ནུས་ལྡན་པར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-23

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་ལས་དོན་འདིར་དམ་འཛིན་བྱེད་དགོས”ཞེས་གསུངས་གནང་ཡོད།

    ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་པ་ནི་མང་ཚོགས་ཀྱི་འབོད་སྒྲ་རེད་ལ་གཞི་རིམ་ལས་བྱེད་པའི་རེ་སྒུག་ཀྱང་རེད། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐབས་སུ། འདི་ག་ཚགས་པར་གྱི་གསར་འགོད་པ་གཞི་རིམ་དུ་བསྐྱོད་ནས་དེ་བས་དམིགས་སའི་རང་བཞིན་ལྡན་པའི་ཁུར་པོ་ཡང་གཏོང་གི་བྱེད་ཐབས་ཀྱིས་གཞི་རིམ་ལས་བྱེད་པའི་ཁུར་པོ་ཡང་དུ་བཏང་ནས་དམངས་ལ་ཞབས་འདེགས་དེ་བས་ལེགས་པ་ཇི་ལྟར་ཞུས་ཡོད་མེད་ལ་བལྟས་པ་ཡིན།

    རྩོམ་སྒྲིག་པས།

    ཞིབ་བཤེར་སྐབས་སུ་བརྙན་ལམ་དང་PPTབཟོ་མི་དགོས་པ་བྱུང་རྗེས།

    སྡེ་ཁུལ་གྱི་ལས་བྱེད་པར་བྱ་བ་དངོས་སྒྲུབ་པའི་དུས་ཚོད་མང་དུ་ཕྱིན་པ།

    ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཀྲ་ལའེ་ནོར་ཆུས་ཤིན་ཁའེ་ཁྲོམ་གཞུང་སྡེ་ཁུལ་ཧྥུའུ་ཡོན་ཁུལ་ཆུང་གི་སྒྲིག་བཀོད་ཆ་ཚང་བའི་དམངས་ཕན་སྤྲོ་གསེང་ཐང་ཆེན་དུ་རྒན་རྒོན་རྣམས་མིག་མངས་རྩེ་བ་དང་བྱིས་པ་རྣམས་རྩེད་མོ་རྩེ་བཞིན་འདུག

    “ལོ་རྒྱུས་ཀྱི་དབང་གིས་སྔོན་ཆད་དེ་ག་ནི་མང་ཚོགས་ཀྱིས་ཞུ་གཏུག་ཐེངས་མང་བརྒྱབ་པའི་གད་སྙིགས་སྤུངས་ས་ཞིག་རེད”ཅེས་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཉིའུ་ཁྲུན་ཞ་ཡིས་བརྗོད་པ་དང་། སྐབས་དེར་མང་ཚོགས་ཚོས་དེའི་ཐད་ལ་བསམ་འཆར་ཧ་ཅང་ཆེན་པོ་བཏོན་ཡོད།

    སྡེ་ཁུལ་གྱིས་གནད་དོན་འདི་ཐག་གཅོད་བྱེད་དགོས་བསམ་ཡང་འཕེལ་རིམ་ཐོག་མཐའ་བར་གསུམ་དུ་འགོར་པོ་རེད། སྡེ་ཁུལ་ཁོངས་གཏོགས་ཀྱི་ཁྲོམ་གཞུང་དང་པོའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲའོ་དབྱིན་གྱིས“རྒྱུན་དུ་སེམས་ཤུགས་དང་ནུས་ཤུགས་ཡོད་དགུ་བཏོན་ནས་ཞིབ་བཤེར་བསུ་བའི་བརྙན་ལམ་དངPPTབཟོ་གི་ཡོད། ཁོམ་པ་ཡོད་དུས་བྱ་བ་དངོས་དེར་སྐུལ་འདེད་གཏོང་གི་ཡོད་ཀྱང་ལས་ཀ་དེ་ཆད་ཆད་མཐུད་མཐུད་ངང་བྱེད་ཀྱི་ཡོད”ཅེས་བཤད།

    འདི་ནི་དཔེ་གཅིག་པུ་དེ་མིན། ས་ཆ་ཁ་ཤས་སུ་བརྙན་ལམ་པར་ལེན་དང་སྟོན་པའི་ཐད“ནང་རྨུག”ཐོན་གྱི་ཡོད། ཁྲིམས་སྐྱོང་དྲིལ་བསྒྲགས་དང་། ཁོར་ཡུག་བཅོས་སྐྱོང་། དཔྱད་འདེམས་གཟེངས་བསྟོད་སོགས་ཀྱི་བྱེད་སྒོ་སྤེལ་སྐབས། བརྙན་ལམ་དེ་ཡོད་ཤག་ཤག་ལ་གྱུར་ཡོད། སྐབས་འགར་སྙན་སེང་ཞུ་བ་དང་ཞིབ་བཤེར་བསུ་བར་ཡང་བརྙན་ལམ་བཟོས་ནས་སྐར་མ་མཐོ་པོ་རག་ཐབས་བྱེད་ཀྱི་ཡོད། བརྙན་ལམ་གྱི་སྤུས་ཚད་འགན་ལེན་བྱ་ཆེད། གྲོང་ཚོ་དང་གྲོང་རྡལ་དང་། སྡེ་ཁུལ་ཁ་ཤས་ཀྱིས་ལས་སྒོ་ཕྱིར་འགན་གཙང་སྤྲད་པས་ནོར་ཤུགས་ཀྱི་ཁུར་པོ་ལྕི་རུ་འགྲོ་གི་ཡོད།

    གཞི་རིམ་གྱི་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སེམས་ནུས་དེ་བས་མང་བ་ལྡན་པར་བྱ་ཆེད། ཀྲ་ལའེ་ནོར་ཆུས་ཀྱིས་སྤྱི་ཚོགས་ལས་དོན་གྱི་ཆོག་འཐུས་ལམ་ལུགས་དང་། ཀྲ་ལའེ་ནོར་ཆུས་དང་གྲོང་རྡལ(ཁྲོམ་གཞུང)གྱིས་མངགས་སྡོད་སྒྲིག་གཞི་དང་མི་སྣའི་དོ་དམ་ལམ་ལུགས་སོགས་གཏན་འབེབས་བཟོས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། ཞིབ་བཤེར་སྐབས་སུ་བརྙན་ལམ་དངPPTསོགས་བཟོ་མི་དགོས་པ་ཁ་གསལ་བཏོན་ཡོད།

    ཕན་འབྲས་ཇི་ལྟར་ཐོན་ཡོད་དམ།

    “ཕུ་ཐུང་བརྫེས་ནས་བྱ་བ་དངོས་སྒྲུབ་པའི་སེམས་ནུས་མང་དུ་ཕྱིན་སོང”ཞེས་ཀྲའོ་དབྱིན་གྱིས་མྱོང་ཚོར་ཟབ་མོས་བརྗོད། ཆུས་ཀྱི་འགོ་ཁྲིད་སྡེ་ཁུལ་དུ་བརྟག་ཞིབ་ལ་འགྲོ་སྐབས། སྲོལ་རྒྱུན་གཞིར་བཟུང་ན་བརྙན་ལམ་དང་PPTབཟོ་དགོས་ཀྱི་ཡོད་མོད། འོན་ཀྱང་ཆུས་ཨུད་གཞུང་དོན་ཁང་གིས་ལམ་ལུགས་ཀྱི་བླང་བྱ་ལྟར་སྡེ་ཁུལ་ལ་ངག་ཐོག་ནས་སྙན་སེང་ཞུ་བ་དང་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ན་འགྲིག་ཅེས་བརྡ་ཐོ་བཏང་།

    གནས་ཚུལ་དེ་ཤེས་རྗེས། ཀྲའོ་དབྱིན་གྱིས་ཧྥུའུ་ཡོན་ཁུལ་ཆུང་གི་གད་སྙིགས་སྤུངས་སའི་གནད་དོན་ས་གནས་ས་ཐོག་ཏུ་ཐག་གཅོད་ཡོང་བའི་གྲོས་འགོ་བཏོན་པ་སྟེ། “ང་ཚོས་འགོ་ཁྲིད་ཧྥུའུ་ཡོན་ཁུལ་ཆུང་དུ་ལྟ་བར་ཕེབས་སྐབས་ས་གནས་ས་ཐོག་ཏུ་ཐག་གཅོད་ཇུས་གཞི་སྙན་སེང་ཞུ་དགོས་པའི་གྲོས་འགོ་བཏོན་པ་ཡིན” སྙན་སེང་ཞུས་ནས་ཟླ་བ་གཅིག་ཀྱང་མ་སོང་བར་གནད་དོན་ཐག་གཅོད་བྱས་ཏེ་དམངས་ཕན་སྤྲོ་གསེང་ཐང་ཆེན་སྐྲུན་འགོ་ཚུགས་པ་རེད།

    ཀྲ་ལའེ་ནོར་ཆུས་ཨུད་ཀྱི་ཧྲུའུ་ཅི་ཆི་ཧྲན་ཅན་གྱིས། སྡེ་ཁུལ་གྱི་ལས་བྱེད་པས་མང་ཚོཌ་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ཐད་སེམས་ནུས་དེ་བས་མང་བ་བཞག་ཡོད། “ད་ཆ་ལས་བྱེད་པ་གཞི་རིམ་དུ་བརྟག་ཞིབ་ལ་སྐྱོད་ཐེངས་དང་སྡེ་ཁུལ་གྱི་ལས་དོན་པ་གཞི་རིམ་དུ་འདྲི་རྩད་ལ་སྐྱོད་ཐེངས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།