དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་ལུང་ཤིང་ཟམ་ཆེན་གྱི་དུམ་བུ་ནུབ་མའི་ཟམ་པ་མཐུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-23

    འདི་ནི་ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་ལུང་ཤིང་ཟམ་ཆེན་གྱི་དུམ་བུ་ནུབ་མའི་ཟམ་པ་བསྐྲུན་ཡུལ་ཡིན་པ།

    འདི་ནི་བཟོ་པ་ཚོས་ཚ་ལ་རྒྱག་བཞིན་པ།

    ཉིན་ཤས་གོང་། ཚ་ལ་དུམ་བུ་མཐའ་མ་བརྒྱབ་པ་དང་ཆབས་ཅིག ཁྲང་ཅིའུ་གྲོང་སྦྲེལ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིས་འཛུགས་སྐྲུན་དང་། ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་བཞི་པས་ཇུས་འགོད། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཚོགས་པས་སྐྲུན་འགན་ཁུར་བའི་ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ལུང་ཤིང་ཟམ་ཆེན(ནན་ཁྲང་དབྱང་ཙི་ཀྲོའུ་ཀན་ཅང་གི་སྤྱི་པའི་ལྕགས་ལམ་ཟམ་ཆེན)གྱི་ཁུང་རྐྱང་སྨི་320བརྒལ་བའི་དུམ་བུ་ནུབ་མའི་ཟམ་པ་བདེ་བླག་ངང་མཐུད་པ་རེད།

    ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཀྱི“གཞུང་བརྒྱད་འཕྲེད་བརྒྱད”གྲས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་བགྲོད་ལམ་གཙོ་བོ་པེ་ཅིང་ནས་ཤང་ཀང་བར་གྱི་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། འབྲི་ཆུའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་དང་ཕོ་དབྱང་མཚེའུ་སྐོར་བའི་གྲོང་ཁྱེར་ཁྱུ་ཚོགས་དེ་ཉེ་འཁོར་གྱི་གྲོང་ཁྱེར་ཁྱུ་ཚོགས་དབར་གྱི་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།