དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང“གསུང་རབ་བསྐྱར་ཀློག”ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་སྤེལ་བའི་མུ་འབྲེལ་བྱེད་སྒོ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-23

    ཟླ་5ཚེས་20ཉིན། ཉིང་ཞ་དབྱིན་ཁྲོན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང“གསུང་རབ་བསྐྱར་ཀློག”ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་སྤེལ་བའི་མུ་འབྲེལ་བྱེད་སྒོ་དངོས་སུ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ནི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་ཞིག་དང་། ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་དྲ་རྒྱ་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་དྲ་རྒྱ་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་ཐོག་མ་དེ“‘གསུང་རབ་བསྐྱར་ཀློག’ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་སྤེལ་བ་དང‘ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་དོན’འཆད་ཁྲིད་ཆེན་པོ་གཉེར་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་པེ་ཅིང་དང་། ནང་སོག ཀོང་ཤིས། བོད་ལྗོངས། ཉིང་ཞ། ཤིན་ཅང་། ཀུའེ་ཀྲོའུ། ཡུན་ནན། མཚོ་སྔོན་སོཌ་ཀྱི་སྐུད་ཡོད་བརྙན་འཕྲིན་དམིགས་འཛུགས་ཆེད་ཁུལ་ནས་དུས་མཉམ་དུ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་དོན”གྱི་འཆད་ཁྲིད་ཆེན་པོ་གཏོང་སྤེལ་བྱས་པ་རེད།

    “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་དོན”གྱི་འཆད་ཁྲིད་ཆེན་པོ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཛུབ་ཁྲིད་བྱས་ཏེ་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱིས་བཟོས་པའི་བརྙན་ལམ་སློབ་ཚན་ཞིག་ཡིན་ཞིང་། དེའི་ནང་པེ་ཅིང་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་། ཀྲུང་ནན་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། བྱང་ཕྱོགས་མི་རིགས་སློབ་ཆེན་བཅས་ཀྱི་དགེ་རྒན་ཕུལ་བྱུང་12ཀྱིས་བརྙན་ལམ་ནས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་དོན》སློབ་དེབ་ཀྱི་ནང་དོན་གཙོ་བོ་རྒྱས་བཤད་བྱས་ཡོད། ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་ཉིང་ཞ་ཀུང་སིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར”དམིགས་ནས་བཟོས་པའི“བློ་སྦྱོང་སེམས་སྐྱོང”སློབ་གསོའི་ལས་སྟེགས་ཀྱང་དུས་མཉམ་དུ་དྲ་བར་བཏོན་ཞིང་། དེ་ལས་ཁུངས་དང་། སློབ་གྲྭ སྡེ་ཁུལ་སོགས་ཚན་པ་50ལྷག་ཙམ་ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།