དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོའི་དུས་མཇུག་ཏུ་ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་12.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-23

    ཉེ་ཆར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དུས་ཚིགས་དང་པོའི་དུས་མཇུག་ཏུ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་35.3ཟིན་པ་དེ་དུས་མཚུངས་ལས་12.5%འཕར་ཞིང་། ཀུན་ཕན་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་13.7ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་7955འཕར་ཡོད་པ་རེད།

    དུས་ཚིགས་དང་པོའི་འགན་བཅོལ་ཀུང་སིའི་དེ་སྔའི་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2.2ཟིན་པ་དེ་དུས་མཚུངས་ལས་0.8%འཕར་བ་དང་། སྐྱིན་ཚབ་དང་གཏོང་སྤྲོད་ཀྱི་འགྲོ་སོང་སྒོར་དུང་ཕྱུར་8274ཟིན་པ་དེ་དུས་མཚུངས་ལས་12.2%འཕར་ཡོད། འགན་ཡིག་དུང་ཕྱུར་249མང་དུ་སོང་བ་དེ་དུས་མཚུངས་ལས་20.7%འཕར་ཡོད་པ་རེད།

    ཚོང་ལས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་རྒྱུ་ནོར་གྱི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། དུས་ཚིགས་དང་པོའི་དུས་མཇུག་ཏུ་ཚོང་ལས་དངུལ་ཁང་གི་ཉེན་གནས་དངུལ་བུན་གྱི་ཚད་གཞི་1.51%ཟིན་པ་དེ་དུས་ཚིགས་གོང་མའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.01འཕར་ཡོད། ཚོང་ལས་དངུལ་ཁང་གི་ཉེན་ཁའི་ཁ་གསབ་ནུས་པ་སྤྱི་ཡོངས་ནས་འདང་ངེས་ཡོད་ཅིང་། དུས་ཚིགས་དང་པོར་ཚོང་ལས་དངུལ་ཁང་ལ་རིམ་རྩིས་བརྒྱབ་ན་ཁེ་བཟང་གཙང་མ་སྒོར་དུང་ཕྱུར་6568རག་ཅིང་། ཆ་སྙོམས་མ་རྩའི་ཁེ་སྤོགས་འབབ་ཚད་8.82%ཟིན་པ་དེ་དུས་ཚིགས་གོང་མའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.72འཕར་ཡོད། དུས་ཚིགས་དང་པོའི་དུས་མཇུག་ཏུ་ཚོང་ལས་དངུལ་ཁང་གི་དངུལ་བུན་གྱོང་གུན་ཐད་ཀྱི་གྲ་སྒྲིག་ལྷག་དངུལ་སྒོར་དུང་ཕྱུར་ཁྲི་7.2ཟིན་པ་དེ་དུས་ཚིགས་གོང་མའི་དུས་མཇུག་ལས་སྒོར་དུང་ཕྱུར་2273འཕར་ཡོད་པ་རེད།

    འགན་བཅོལ་ཀུང་སིའི་འཇལ་སྤྲོད་ནུས་པ་འདང་ངེས་རྒྱུན་འཁྱོངས་ཡོད་ཅིང་། དུས་ཚིགས་དང་པོའི་དུས་མཇུག་ཏུ་འགན་བཅོལ་ཀུང་སིའི་ཕྱོགས་བསྡུས་འཇལ་སྤྲོད་ནུས་པ་འདང་ཚད་204.5%ཟིན་པ་དང་ལྟེ་བའི་འཇལ་སྤྲོད་ནུས་པའི་འདང་ཚད་146.5%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།