དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལུའུ་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་གིས།

    དུག་སེལ་ཞོག་ཁོག་གི་ཐོན་མཐོའི་དཔེ་སྟོན་ལྟ་སྦྱོང་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    ད་ལྟ་ནི་ཞོག་ཁོག་འདེབས་པའི་དུས་ཡིན་པ་དང་། ཉེ་ཆར་ལུའུ་བོད་ས་མཐོའི་ས་བོན་ཞིབ་འཇུག་ཁང་གིས་རྣམ་གླིང་རྫོང་མདོ་བརྗོད་ཤང་དུ་དུག་སེལ་ཞོག་ཁོག་གི་ཐོན་མཐོའི་དཔེ་སྟོན་ལྟ་སྦྱོང་འདུ་ཚོགས་གཉེར་ཞིང་། རྣམ་གླིང་རྫོང་གི་ཞོག་ཁོག་ཐོན་ཁུལ་གཙོ་བོའི་ཤང་དང་གྲོང་རྡལ་གྱི་ཚན་རྩལ་ཆེད་བསྐོས་པ་དང་། ཆེད་མངགས་པ། འདེབས་འཛུགས་དུད་ཆེན་བཅས་ཀྱི་འཐུས་མི་90ལྷག་ཙམ་འདུ་ཚོགས་ལ་ཞུགས་པ་རེད།

    ལྟ་སྦྱོང་འདུ་ཚོགས་ཐོག་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་གྱིས“ས་གནས་ས་ཐོག་ཏུ་ལྟ་སྦྱོང་དང་། སློབ་ཚན་འཚོག་པ། དྲི་བ་འདོན་པ”བཅས་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་ཞོག་ཁོག་གི་ཐོན་མཐོའི་བརྒྱུད་རིམ་ཧྲིལ་པོ་དང་། དེ་བཞིན་འདེབས་འཛུགས་ལག་རྩལ་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་རྣམ་གླིང་རྫོང་གིས་ཞོག་ཁོག་འདེབས་འཛུགས་བྱེད་པའི་ནང་རྒྱུན་དུ་ཐོན་པའི་གནད་དོན་ལ་ཐག་གཅོད་བྱེད་སྟངས་བསླབ་ནས། ཚང་མའི་བསམ་བློ་གསར་འབྱེད་བྱས་ཏེ་ལག་རྩལ་གསར་པ་དང་རྣམ་པ་གསར་པ་ཚོད་ལྟ་བྱེད་རྒྱུའི་ཁྲིད་སྟོན་དང་སྐུལ་ལྕག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།