དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་གཉིས་པ་མཇུག་འགྲིལ་བ།

    མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་1.36ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    ཚེས་21ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་5ཡི་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་གཉིས་པ་ཚེས་20ཉིན་གྱི་དགོང་མོར་བདེ་བླག་ངང་མཇུག་འགྲིལ་བ་རེད། ད་ཐེངས་འགྲེམས་ཚོགས་ཀྱིས“སྒོ་དབྱེའི་ལྷ་ས་གསར་པས་གོ་སྐབས་གསར་པ་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་རྒྱལ་སྤྱི་ཅན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལས་སྟེགས་བསྐྲུན་ནས་ལྷ་སའི་ཕྱི་ཕྱོགས་ཚོང་དོན་དང་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་ཡོངབར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉིན་ལྔའི་རིང་འགྲེམས་ཚོགས་ཀྱིས་ཁྱོན་གྲོང་མི་མང་ཚོགས་དང་ལྗོངས་ཕྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་1.36ཟིན་ནས་ན་ནིང་འགྲེམས་ཚོགས་ཀྱི་བྲིན་ཚོང་ལས་29.5%འཕར་བ་དེ་ཐོག་ནས་ལྷ་སའི་གྲོང་མིའི་སྤུས་ཚད་མཐོ་བའི་ནང་འདྲེན་ཚོང་ཟོག་གི་འཛད་སྤྱོད་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་ཡོད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ད་ཐེངས་ཀྱི་འགྲེམས་ཚོགས་ལ་ཡོ་རོབ་དང་། ཨ་ཧྥེ་རི་ཁ། མེ་གླིང་ལྷོ་མ། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་དབུས་མ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ། རི་པིན་དང་ཧན་གོ་བཅས་རྒྱལ་ཁབ་དང་། དེ་བཞིན་ཀང་ཨའོ་ཐའེ་སོགས་ས་ཁུལ་31ནས་ཡོང་བའི་ཁེ་ལས་250ལྷག་ཙམ་དང་ཚོང་པ་600ལྷག་ཙམ་ཞུགས་ཡོད་པ་རེད།

    སྒྲིག་འཛུགས་ཨུ་ལྷན་གྱི་འགན་འཁུར་བ་ཀྲོའུ་ཙི་ཧྥན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་ཚོགས་ཀྱི་གཞི་ཁྱོན་སྐབས་དང་པོ་ལས་ཧ་ཅང་གིས་ཆེ་བ་ཡོད་པ་དང་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་8000ཟིན་པའི་ནང“རྒྱལ་སྤྱིའི་ཐོན་རྫས་སྤུས་མའི”བརྗོད་དོན་གཙོ་བོའི་འགྲེམས་ཁུལ་1དང་། “ནང་འདྲེན་ཨ་རག”དང་། “མཛེས་བཟོའི་བདེ་སྲུང་ཐོན་རྫས” “ནང་འདྲེན་ཤིང་ཏོག” “ཨའོ་ལའེ་སྤུས་ལེཌ”བཅས་སྤུས་རྟགས་འགྲེམས་ཁུལ་4 “ལྷ་སའི་ཡུལ་ཟོག་རྩེ་གྲ”དང་། “ལྷ་སའི་ཕྱིར་གཏོང་ནང་འདྲེན་གྱི་ཁེ་ལས”ཀྱི་ཁྱད་ལྡན་འགྲེམས་ཁུལ་2 “ཨེ་ཤེ་ཡ་ལྷོ་མའི་ཚོང་ཟོག་འགྲེམས་ཁུལ”1བཅས་དང་། དེ་བཞིན་རྒྱལ་སྤྱིའི་ཚད་ལྡན་འགྲེམས་གནས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་ཁུལ་284བཅས་ཡོད་པ་རེད། འགྲེམས་སྟོན་དངོས་ཟོག་རིགས་1500ཟིན་པ་དང་འགྲེམས་རྫས་ཀྱི་གྲངས་འབོར་ཁྲི་1ལྷག་ཙམ་ཟིན་པའི་ཁྲོད། རྒྱུན་སྤྱོད་འཛད་སྤྱོད་དངོས་རྫས་དང་། བཟའ་བཅའ་བཏུང་བྱ། བཟོ་རྩལ་ཐོན་རྫས། ནང་ཆས། རྒྱན་ཆ་སོགས་ཡོད་པས། དེས་གྲོང་མིའི་འཛད་སྤྱོད་ཀྱི་དགོས་མཁོ་གང་ལེགས་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།