ཝེ་ཐེ་ནམ་གྱི་གཞོན་ནུའི“གསར་བརྗེའི་ཞིབ་སྦྱོང་འགྲུལ་བཞུད”ཀྱི་བྱེད་སྒོ་ཐོག་མ་ཀོང་ཤིས་ནན་ཉིང་དུ་སྤེལ་འགོ་ཚུགས་པ།
ཟླ་5ཚེས་18ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཝེ་ཐེ་ནམ་གྱི་གཞོན་ནུའི“གསར་བརྗེའི་ཞིབ་སྦྱོང་འགྲུལ་བཞུད”ཀྱི་བྱེད་སྒོ་ཐོག་མ་དང“ཨ་ཁུ་ཧུའུ་ལགས་ཀྱི་ཞབས་རྗེས་སྙེག་པའི”ཞིབ་སྦྱོང་སྒར་སའི་འགོ་ཚུགས་མཛད་སྒོ་ཀོང་ཤིས་སློབ་ཆེན་དུ་འཚོགས་པ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་འཐུས་མི་200ཙམ་ཞུགས་པ་རེད།
བྱེད་སྒོ་སྤེལ་རིང་། ཝེ་ཐེ་ནམ་གྱི་གཞོན་ནུས་ཀོང་ཤིས་ཀྱི་ནན་ཉིང་དང་། ཀུའེ་ལིན། པའེ་སེ་བཅས་དང་ཀོང་ཏུང་གི་ཀོང་ཀྲོའུ་སོགས་སུ་བསྐྱོད་དེ་བརྗོད་དོན་གཙོ་བོའི་འཆད་ཁྲིད་ཉན་པ་དང་། གསར་བརྗེའི་ཞིབ་སྦྱོང་སློབ་ཁྲིད་བྱ་ཡུལ་དུ་ལྟ་སྐོར་འཚམས་འདྲི་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཀྱིས་ལག་གདང་སྦྲེལ་ནས་གསར་བརྗེ་དང་འཛུགས་སྐྲུན་གྱི་འགྲོ་ལམ་འཚོལ་ཞིབ་གནང་བའི་མཛའ་གྲོགས་ཟབ་མོ་མྱོང་ཚོར་བྱེད་པ། གཞོན་ནུ་འཕེལ་རྒྱས་དང་། གསར་གཏོད་ལས་གཏོད། གཞོན་ནུའི་ལས་དོན། དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཀྲུང་གོའི་ལས་རིགས་ཁག་གི་གཞོན་ནུའི་དབར་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བྱེད་པ། ནུས་གསར་རླངས་འཁོར་གྱི་ཞིབ་འཇུག་ཁང་དང་། རྒྱལ་སྒྲོལ་དྲ་ཚོང་གི་ཐད་གཏོང་རྟེན་གཞི། རྒྱལ་སྒྲོལ་ཡུལ་སྐོར་མཉམ་ལས་ཁུལ་སོགས་སུ་བསྐྱོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ཉམས་ལེན་བྱེད་རྒྱུ་རེད།