ལེ་པ་ནོན་གྱི་རྒྱལ་ཁབ་རྟེན་མཛོད་ཁང་དུ་བསྐྱོད་པ།
ཟླ་5ཚེས་18ཉིན་ནི་རྒྱལ་སྤྱིའི་རྟེན་མཛོད་ཁང་གི་ཉིན་མོ་ཡིན་ཞིང་། པེ་རུ་ཐེར་གནས་པའི་ལེ་པ་ནོན་རྒྱལ་ཁབ་རྟེན་མཛོད་ཁང་ཚེས་18ཉིན་གྱི་ཉིན་གང་སྤྱི་དམངས་ལ་རིན་མེད་སྒོ་མོ་ཕྱེ་བ་དང་། ལྟད་མོ་བ་ལེ་པ་ནོན་གྱི་གནའ་བོའི་ཤེས་དཔལ་དང་ཕུན་སུམ་ཚོགས་པའི་གནའ་རྫས་རྟོག་ཞིབ་ཀྱི་གཅེས་ཉར་དངོས་རྫས་འཚོལ་བཤེར་བྱེད་པར་གདན་ཞུ་བྱས་ཤིང་། འདི་ནི་ལྟད་མོ་བས་ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེར་ཡོད་པའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།