པར་རིས་གསར་འགྱུར།
ཟླ་5ཚེས་18ཉིན་གྱི་སྔ་དྲོར། ཚད་ལྡན་དོས་སྒམ་100བླུགས་པའི་དུས་གཏན་མེ་འཁོར་ཀྲེ་ཅང་དབྱི་ཝུའུ་ནུབ་ཚིགས་ནས་ཐོན་ཏེ་ཉིང་པོ་ཀྲོའུ་ཧྲན་གྲུ་ཁར་བསྐྱོད་ནས་དབུས་ཤར་ས་ཁུལ་གྱི་ཐད་སྐྱོད་ལམ་ཐིག་བརྒྱུད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པེའི་ཅེ་པེ་ཨ་ལི་གྲུ་ཁར་འབྱོར་གྱི་ཡོད་པ་རེད། དེ་ཐོག་ནས“ལྕགས་ལམ་དང་མཚོ་ལམ་དང་དབུས་ཤར་ས་ཁུལ(ཏི་པེ)ཟུང་འབྲེལ”གྱི་ཟོག་འགྲེམས་དུས་གཏན་མེ་འཁོར་ཐོག་མར་གཏོང་འགོ་ཚུགས་པ་མཚོན་ཡོད་ལ། དངོས་ཟོག“དོས་སྒམ་བརྗེ་མི་དགོས་པར”ས་གནས་སུ་འབྱོར་གྱི་ཡོད། དངོས་ཟོག་དབྱི་ཝུའུ་ཡི་གཅིག་སྡུད་མཛོད་ཁང་ནས་ཏི་པེའི་ཁག་བགོས་མཐའ་སྣེའི་བར་དེ་སྔ་ཉིན་23འགོར་བ་ནས་ད་ལྟ་ཉིན་17ལས་འགོར་གྱི་མེད་པས། ཟོག་འགྲེམས་ཀྱི་མ་གནས་18%དམའ་རུ་ཕྱིན་ཡོད།