དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཞི་པའི་བར་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུས་མཚུངས་ལས་20.9%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-22

    ཉེ་ཆར། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཟླ་བཞི་པའི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་གཉེར་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར། སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་674.0ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་18.3%འཕར་ཡོད། དེའི་ཁྲོད་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་614.5ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་20.9%འཕར་ཡོད། ཟླ་བཞི་པར་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་163.2ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་19.1%འཕར་ནས་ཉིན་རེར་ཆ་སྙོམས་ལས་སྒོའི་གྲངས་འབོར་དུང་ཕྱུར་5.5ཡས་མས་རྒྱུན་འཁྱོངས་ཐུབ་ཡོད།

    ཟླ་བཞི་པར་ཀྲུང་གོའི་མྱུར་སྐྱེལ་གྱི་འཕེལ་རྒྱས་སྟོན་གྲངས་443.2ཟིན་པ་དེ་དུས་མཚུངས་ལས་6.5%འཕར་བའི་ཁྲོད། འཕེལ་རྒྱས་ཀྱི་གཞི་ཁྱོན་སྟོན་གྲངས་དང་། ཞབས་ཞུའི་སྤུས་ཚད་སྟོན་གྲངས། འཕེལ་རྒྱས་གཏོང་ནུས་ཀྱི་སྟོན་གྲངས། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་སྟོན་གྲངས་བཅས་571.9དང་། 658.3 224.1 69.3བཅས་ཁག་སོ་སོར་ཟིན་པ་དེ་དུས་མཚུངས་ལས་15.7%དང་། 1.5% 1.4% 2.4%བཅས་སོ་སོར་འཕར་ཡོད།

    ལས་སྒོའི་གཞི་ཁྱོན་ནས་བལྟས་ཚེ། ཟླ་དང་པོ་ནས་བཞི་པའི་བར། སྦྲག་སྲིད་ལས་རིཌ་ཀྱི་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་5691.2 ཟིན་པ་དེ་དུས་མཚུངས་ལས་8.1%འཕར་བ་དང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་4669.1ཟིན་པ་དེ་དུས་མཚུངས་ལས་10.9%འཕར་ཡོད།

    འཕེལ་རྒྱས་གཏོང་ནུས་ནས་བལྟས་ཚེ། ཟླ་དང་པོ་ནས་བཞི་པའི་བར། གྲོང་ཁྱེར་གཅིག་མཚུངས་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་49.6ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་4.4%འཕར་བ་དང་། ཡུལ་གཞན་དུ་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བརྒྱབ་ན་551.5ཟིན་པ་དེ་དུས་མཚུངས་ལས་22.6%འཕར་བ། རྒྱལ་སྤྱི་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་13.5ཟིན་པ་དེ་དུས་མཚུངས་ལས་25.4%འཕར་ཡོད།

    ཞབས་ཞུའི་སྤུས་ཚད་ནས་བལྟས་ཚེ། ཟླ་དང་པོ་ནས་བཞི་པའི་བར། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གསུམ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་གྱི་བསྡུར་ཚད་71.4%དང་། 19.4% 9.2%བཅས་སོ་སོར་ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ཚེ། དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.9དང་། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.7གྱིས་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།