དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ཞོད་སྐྱོབ་ཁོངས་གཏོགས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་འབྲུབ་འགོག་གི་བདེ་འཇགས་དྲ་བ་དམ་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-22

    གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར། འབྲུབ་དུས་ཀྱི་འཕྲལ་སྡོམ་ཞོད་སྐྱོབ་ལས་དོན་གྱི་དུས་ཚིགས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཆོས་ཉིད་དང་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་ཞོད་སྐྱོབ་ཁོངས་གཏོགས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་འབྲུབ་དུས་ཀྱི་ཆུ་ཐོག་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་དམ་དུ་བཏང་ཡོད། འབྲུབ་དུས་ཤར་ཚུན། ཟླ་3ཚེས་15ཉིན་ནས་ཟླ་5ཚེས་14ཉིན་བར་རྒྱལ་ཡོངས་ཀྱི་ཞོད་སྐྱོབ་ཁོངས་གཏོགས་ཀྱིས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལས་འགན་ཐེངས་162ལག་བསྟར་བྱས་པ་དང་ཆེད་ལས་ཀྱི་ཞོད་སྐྱོབ་སྟོབས་ཤུགས་ཐེངས་266བཏང་ནས་ཉེན་ཁ་འཕྲད་པའི་མི་སྣ་189དང་ཉེན་ཁ་འཕྲད་པའི་གྲུ་གཟིངས་10ལ་རོགས་སྐྱོབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འབྲུབ་དུས་རིང་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་གྲལ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་བ་ནས་བཟུང་། ཞོད་སྐྱོབ་ཁོངས་གཏོགས་ཀྱིས་གཙོ་གནད་ས་ཁོངས་དང་། སྒྲིག་བཀོད་གལ་ཆེན། ལས་གྲྭ་གལ་ཆེན་སོགས་སུ་བདེ་འཇགས་ཀྱི་ཉེན་ཁར་དབྱེ་འབྱེད་དང་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་ཐེངས་122བྱས་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁག་51བཅོས་སྒྲིག་བྱས་ནས་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།