དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྡེ་ཚན་དྲུག་དང་མཉམ་དུ་ལས་ཀའི་ཕྱོགས་སྟོན་བཀྲམ་པ།

    ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་གྲོས་མོལ་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-22

    ཉེ་ཆར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་འཛིན་པུའུ། མི་སྤྱི་པུའུ་སོགས་སྡེ་ཚན་དྲུག་དང་མཉམ་དུ《ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་ཐུན་མོང་ཐོག་འགན་སྲུང་བྱེད་པའི་ལས་ཀའི་ཕྱོགས་སྟོན》བཀྲམ་པ་རེད། ལས་ཀའི་ཕྱོགས་སྟོན་ནང་ཕྱོགས་11ཐད་ཀྱི་གཙོ་གནད་ལས་འགན་བཏོན་ནས་སྡེ་ཚན་མང་པོས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པའི་ཐད་ཀྱི་མཉམ་ལས་ལམ་སྲོལ་དང་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཟོས་ཡོད།

    ལས་ཀའི་ཕྱོགས་སྟོན་ནང་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་མཐུན་སྦྱོར་གྱི་གལ་ཆེའི་རང་བཞིན་མངོན་གསལ་དོད་དུ་བཏང་བ་མ་ཟད། ཞིབ་དཔྱོད་ལྟ་སྐུལ་དང་། ངལ་རྩོལ་འགན་སྲུང་ལྟ་སྐུལ། ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་བཅས་དང་བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་དབར་འབྲེལ་མཐུད་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་ཁ་གསལ་བཟོས་ནས། ངལ་རྩོལ་པའི་ཁེ་དབང་འགན་སྲུང་གི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་བཟོ་ཚོགས་ཀྱི་ལག་ལེན་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། ངལ་རྩོལ་པའི་ཁེ་དབང་ལ་དུས་ཐོག་ཏུ་སྲུང་སྐྱོང་ནུས་ལྡན་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ལས་ཀའི་ཕྱོགས་སྟོན་ནང་གསར་དར་ཁྱབ་ཁོངས་འཕེལ་རྒྱས་གཏོང་རྒྱུ་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་ཐོག་ནན་བཤད་བྱས་ཡོད། སྡེ་ཚན་ཁག་གིས་ལས་སྟེགས་ཁེ་ལས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་དབར་རྒྱུན་རྣམ་ཅན་གྱི་གྲོས་མོལ་ལ་མཉམ་དུ་སྐུལ་འདེད་བཏང་ནས་ངལ་རྩོལ་པའི་ཁེ་དབང་གྲོས་མོལ་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལས་སྟེགས་ཀྱི་འཐབ་ས་སྐྲུན་པར་མཉམ་དུ་ཤུགས་སྣོན་བརྒྱབ་ནས“གཞི་གཅིག་ཅན”དང“གཅིག་འཐུས་རྣམ་པའི”ངལ་རྩོལ་རྩོད་གཞི་སྣ་མང་འདུམ་འགྲིག་བྱེད་པའི་ལས་སྟེགས་གཏོད་པ་དང་། འདུམ་འགྲིག་གི་སྟོབས་ཤུགས་སྣ་ཚོགས་རིམ་པ་གཅིག་པའི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། ངལ་རྩོལ་པ་དང་ལྷག་པར་དུ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་སྟབས་བདེ་དང་ནུས་ཆེའི་བཅའ་ཁྲིམས་ཞབས་འདེགས་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།