པར་རིས་གསར་འགྱུར།
ཟླ་5ཚེས་20ཉིན“རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་ལ་མཐུན་རྐྱེན་སྦྱོར་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་སོལ་རླངས་ཚོགས་ཆེན་སྐབས་29པ་པེ་ཅིང་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་དེ་ནི་འཛམ་གླིང་སོལ་རླངས་ཚོགས་ཆེན་ཀྲུང་གོར་འཚོགས་ཐེངས་དང་པོ་རེད། འདི་ནི་ཚོགས་འདུར་ཞུགས་མཁན་སྐུ་མགྲོན་གྱིས་འཛམ་གླིང་སོལ་རླངས་ཚོགས་ཆེན་སྐབས་29པའི་ཨའེ་ཁེ་སེན་མེ་ཧྥུའུ་ཀུང་སིའི་འགྲེམས་ཁུལ་དུ་ལྟ་སྐོར་སྤེལ་རེས་བྱེད་བཞིན་པ།
འདི་ནི་ཟླ་5ཚེས་18ཉིན་ལེའོ་ཉིང་ཞིང་ཆེན་ཧྲན་དབྱང་གྲོང་ཁྱེར་ཧྲན་པེ་ཁུལ་གསར་ཤིན་ལུང་ཐའེ་ཁྲོམ་གཞུང་གི་འབྲས་ཞིང་དུ་ཞིང་པས་འབྲས་མྱུག་འཛུགས་འཁོར་བཏང་ནས་ཆུ་འབྲས་འདེབས་བཞིན་པ།