རང་རྒྱལ་གྱིས་ཀྲུང་ཤིང་3Bསྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།
ཟླ་5ཚེས་20ཉིན་གྱི་ཆུ་ཚོད་19དང་སྐར་མ་50ཡི་ཐོག རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བར་རྒྱང་སྐྱོད་ཨང་7པ་རྟགས་ཅན་གྱི་ལེགས་བཅོས་བྱས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཀྲུང་ཤིང་3Bསྲུང་སྐར་མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། སྲུང་སྐར་དེ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བསྐྱལ་ནས་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།