དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཚོགས་ཆུང་དང་པོ་དང་གཉིས་པས་བོད་ལྗོངས་འཛུགས་སྐྲུན་བཟོ་རྩལ་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་དང་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པར་ལྟ་བཤེར་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-22

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཚེས་20ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཚོགས་ཆུང་དང་པོ་དང་གཉིས་པ་བོད་ལྗོངས་འཛུགས་སྐྲུན་བཟོ་རྩལ་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་དང་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་སོ་སོར་བཅའ་སྡོད་བྱས་པ་མ་ཟད། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཡང་འཚོགས་པ་རེད།

    ད་ཐེངས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱེད་རིང་། རང་སྐྱོང་ལྗོངས་དོ་དམ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་གཉིས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དང་དེ་བཞིན་མི་དམངས་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འཕྲལ་མར་ལག་བསྟར་དང་དག་ཐེར་བྱེད་ཚུལ་སོགས་ལ་དོ་ཁུར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱེད་པའི་རལ་གྲི་རྣོན་པོའི་ནུས་པ་མུ་མཐུད་ཡག་པོ་འདོན་རྒྱུ་རེད།

    ལས་དོན་བཀོད་སྒྲིག་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་རེས་སྐོར་གཉིས་པ་དང་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་བཅའ་སྡོད་བྱེད་པའི་དུས་ཡུན་ཉིན་20ཡིན་པ་རེད། བཅའ་སྡོད་བྱེད་རིང་། ལྟ་བཤེར་ཚོགས་ཆུང་ཁག་གིས་ཆེད་དམིགས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་སོ་སོར་བཙུགས་ནས་ལྟ་བཤེར་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་འབྱོར་བའི་འཕྲིན་ཡིག་དང་ཁ་པར་གྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་ཡིན་པ་དང་། ཐེར་འདོན་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་9:30ནས་21:30བར་ཡིན་པ་རེད། ལྟ་བཤེར་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་སྒྲིག་ཁྲིམས་ཀྱི་གཏན་འབེབས》ལག་བསྟར་ནན་པོ་དང་། ལྟ་བཤེར་བྱ་ཡུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་ནན་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྒྲིག་སྲོལ་དང་ཁྲིམས་དང་མཐུན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པ་དང་། དོན་དངོས་དང་མཐུན་ལ་གཞུང་དྲང་བ། ནན་པོ་དང་ཏན་ཏིག་བཅས་ཀྱི་སྒོ་ནས་ལྟ་བཤེར་ལས་དོན་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།