“ཁུན་ལུང”AG600རྟགས་ཅན་གྱི་གནམ་གྲུ་ཐོག་མ་ཐོན་སྐྱེད་ཟིན་ནས་ཚོད་འཕུར་བྱས་པ།
འདི་ནི་ཟླ་5ཚེས་18ཉིན“ཁུན་ལུང”AG600རྟགས་ཅན་གྱི་གནམ་གྲུ་ཐོག་མ་འཕུར་བཞིན་པ།
གསར་འགོད་པར་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་18ཉིན“ཁུན་ལུང”AG600རྟགས་ཅན་གྱི་གནམ་གྲུ་ཐོག་མ་ཀོང་ཏུང་ཀྲུའུ་ཧའེ་རུ་བདེ་བླག་ངང་ཐོན་སྐྱེད་ཟིན་ནས་ཚོད་འཕུར་བྱས་པ་དེ་ཐོག་ནས་གནམ་གྲུ་དེའི་ཐོན་སྐྱེད་ཀྱི་བཟོ་དབྱིབས་འཆར་འགོད་ཀྱི་བླང་བྱ་དང་མཐུན་ཏེ་བདེ་འཇགས་ངང་སྤྱོད་ཆོག་པའི་ཚད་གཞིར་སླེབས་ཡོད་ལ། བཟོ་གྲྭ་ནས་ཐོན་སྐྱེད་ཆོག་པའི་ཆ་རྐྱེན་འཛོམས་ཏེ་གནམ་གྲུ་AG600རྟགས་ཅན་འདི་ཉིད་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར(PC)རག་པའི་འགག་གནད་བསལ་བ་མཚོན་གྱི་ཡོད་པ་རེད།
ཉིན་དེའི་ཆུ་ཚོད་7དང་སྐར་མ་13ཐོག་ཚོད་འཕུར་ཚོགས་ཆུང་གིས་གནམ་གྲུ་AG600—1101བཏང་ནས་ཀྲུའུ་ཧའེ་ཅིན་དབན་གནམ་ཐང་ནས་འཕུར་ཏེ་ཏུན་12ཀྱི་ཆུ་གཏོར་གྱི་ཚོད་ལྟ་ལེགས་གྲུབ་ཟིན་པ་དང་། དེ་ནས་མཁའ་དབྱིངས་སུ་སྐར་མ་17འཕུར་རྗེས་དལ་བུར་བབས། གནམ་གྲུའི་འཕུར་སྐྱོད་ལེགས་པ་དང་། བཀོལ་སྤྱོད་མ་ལག་རྒྱུན་གཏན་ཡིན་པ། མ་ལག་ཁག་འཁོར་སྐྱོད་བརྟན་པ་བཅས་ཡོད་པ་རེད།
གོམ་སྟབས་རྗེས་མར་AG600གཉེར་སྐྱོང་ལེགས་གྲུབ་དང་ཚོང་ལས་ལེགས་གྲུབ་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་དང་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེའི་འགོག་བཅོས་མ་ལག་འཛུགས་སྐྱོང་ཐད་ལེགས་སྐྱེས་འབུལ་རྒྱུ་རེད།