དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བཞི་པར་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གསར་པ་དང་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་མཐུད་ཐུབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-21

    རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.1%འཕར་བ།

    སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་37174ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ཡོད།

    དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་38391ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད།

     ཚེས་19ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་4པའི་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་4པར་རང་རྒྱལ་གྱི་ཐོན་སྐྱེད་དགོས་མཁོ་བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། སྒུལ་ནུས་གསར་པ་གཅིག་སྡུད་འཚར་ལོངས་བྱུང་བ། རྒྱལ་དམངས་དཔལ་འབྱོར་གྱི་གནོན་ཤུགས་ཐེག་ནུས་བརྟན་པོའི་ངང་འཕར་བ་བཅས་བྱུང་སྟེ་འཕེལ་རྒྱས་གསར་པ་དང་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད།

    བཟོ་ལས་ཐོན་སྐྱེད་ཅུང་མགྱོགས་པོ་འཕར་བ། ཟླ་4པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.1%འཕར་ཞིང་། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་9.8%འཕར་བ་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་10.0%འཕར་ཡོད། ཐོན་རྫས་དབྱེ་ནས་བལྟས་ན། 3Dཔར་འདེབས་སྒྲིག་ཆས་དང་། བཟོ་ལས་འཕྲུལ་མི། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་རྫས་བཅས་ཀྱི་ཐོན་ཚད་དུས་མཚུངས་ལས་60.7%དང་། 51.5% 38.9%སོ་སོར་འཕར་ཡོད།

    ཁྲོམ་རའི་ཕྱིར་ཚོང་བརྟན་པོའི་ངང་འཕར་བ། ཟླ་4པར་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་37174ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་རྒྱུན་མཐུད་ངང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་རིགས་དང་། སྒྲ་བརྙན་ཡོ་བྱད་རིགས། རིག་གནས་གཞུང་ལས་མཁོ་ཆས་རིགས། ཁྱིམ་ཆས་རིགས་བཅས་ཀྱི་ཚོང་ཟོག་སིལ་ཚོང་གྲངས་འབོར་དུས་མཚུངས་ལས་38.8%དང་། 33.5% 26.9%སོ་སོར་འཕར་ཡོད།

    གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག(ཞིང་དུད་ཚུད་མེད་པ)སྒོར་དུང་ཕྱུར་147024བྱས་པ་དེ་དུས་མཚུངས་ལས་4.0%འཕར་བ་དང་། ས་ཁང་བདག་ཁོངས་གསར་སྤེལ་ཐད་ཀྱི་མ་འཇོག་འཐེན་ཚེ་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་8.0%འཕར་ཡོད།

    དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རྒྱུན་མཐུད་ངང་འཕར་བ། ཟླ་4པར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་38391ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་22645ཟིན་ནས་9.3%འཕར་ཡོད། ཟླ་དང་པོ་ནས་བཞི་པའི་བར། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་141389ཟིན་པ་དེ་དུས་མཚུངས་ལས་2.4%འཕར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4པར་ཕྱི་ཕྱོགས་རྡབ་རྡེག་གི་ཤུགས་རྐྱེན་ཆེ་རུ་ཕྱིན་ཡང་གཞི་ཆེའི་སྲིད་ཇུས་ཀྱིས་མཐུན་སྦྱོར་ངང་ཤུགས་བརྒྱབ་པས་སྟོན་གྲངས་གཙོ་བོ་བརྟན་པོའི་ངང་ཅུང་མགྱོགས་པོ་འཕར་ཡོད། དུས་མཚམས་རྗེས་མར། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།