《ཀྲུང་གོའི་རིག་ལྡན་སློབ་གསོའི་རྒྱབ་ཤ་དཀར་པོའི་དེབ》བཀྲམ་པ།
ཉེ་ཆར། 2025ལོའི་འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་ཧུའུ་པེ་ཝུའུ་ཧན་དུ་གྲོལ་བ་དང་། ས་གནས་ས་ཐོག་ཏུ《ཀྲུང་གོའི་རིག་ལྡན་སློབ་གསོའི་རྒྱབ་ཤ་དཀར་པོའི་དེབ》བཀྲམ་ནས“རྒྱལ་ཁབ་ཀྱི་སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་བྱ་སྤྱོད་2.0”སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་རང་རྒྱལ་གྱིས“རིག་ལྡན་སློབ་གསོ”བརྗོད་དོན་གཙོ་བོར་བྱས་ཏེ་བཀྲམ་པའི་རྒྱབ་ཤ་དཀར་པོའི་དེབ་དང་པོ་དེ་ཡིན་པའི་ནང་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས། ལག་ལེན་འཚོལ་ཞིབ། འབྱུང་འགྱུར་ལ་རྒྱང་ལྟ་བཅས་ས་བཅད་བཞི་ཚུད་ཡོད་པས་རང་རྒྱལ་གྱི་གྲངས་འཛིན་སློབ་གསོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། བསམ་ཕྱོགས། བྱ་ཐབས། ཕན་འབྲས་བཅས་རྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཡོད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། རྒྱལ་ཁབ་ཀྱི་རིག་ལྡན་སློབ་གསོའི་ལས་སྟེགས་ཀྱིས་སྤུས་ལེགས་གྲངས་འཛིན་སློབ་གསོའི་ཐོན་ཁུངས་རྒྱུན་མཐུད་གཅིག་བསྡུས་དང་སློབ་གྲྭ་འབྲིང་ཆུང་གི་ཐོན་ཁུངས་ཁག་ཁྲི་11དང་། ལས་རིགས་སློབ་གསོའི་དྲ་ཐོག་སྤུས་ལེགས་སློབ་ཚན་ཁག་ཁྲི་1.13ལྷག་ཙམ། མཐོ་རིམ་སློབ་གསོའི་སྤུས་ལེགས་དྲ་ཐོག་སློབ་ཚན་ཁག་ཁྲི་3.1 ཚེ་གང་སློབ་སྦྱོང་སློབ་ཚན་2000ལྷག་ཙམ་བཅས་བསྡུས་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་2025ལོ་ནི་རིག་ལྡན་སློབ་གསོའི་ལོ་དང་པོ་ཡིན་པ་བཏོན་ཡོད།