རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་1000ལས་བརྒལ་བ།
ཉེ་ཆར་ཚོང་དོན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་བྱས་ཚུན་དུ་རིམ་རྩིས་བརྒྱབ་ན་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་1000ལས་བརྒལ་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། ཟླ་5ཚེས་11ཉིན་བར་2025ལོར་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་322.5ཟིན་པའི་ནང་བེད་མེད་གསར་བརྗེ་བྱེད་ཚད་ཁྲི་103.5དང་བརྗེ་ལེན་གསར་བརྗེ་བྱེད་ཚད་ཁྲི་219ཟིན་པ་རེད། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལས་འཛད་སྤྱོད་འཕར་སྣོན་དང་། ལྗང་མདོག་ཕྱོགས་སྒྱུར། ཐོན་ཁུངས་འཁོར་སྐྱོད་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
རླངས་འཁོར་གྱི་འཛད་སྤྱོད་རྒྱུན་མཐུད་འཕར་ཞིང་། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ནང་གི་འགྲུལ་སྐྱེལ་རླངས་འཁོར་སིལ་ཚོང་བྱེད་ཚད་ཁྲི་691.8ཟིན་པ་དེ་དུས་མཚུངས་ལས་9%འཕར་ཡོད། ཚོང་དོན་གྱི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། ཟླ་4པར་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པའི་སིལ་ཚོང་ཁེ་ལས་ཀྱི་རླངས་འཁོར་རིགས་ཀྱི་ཕྱིར་ཚོང་གྲངས་འབོར་དུས་མཚུངས་ལས་1.9%འཕར་ཡོད།
ལྗང་མདོག་རིག་ནུས་འཛད་སྤྱོད་ཀྱི་ཐོན་རྫས་གསར་པར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཅིང་། 2025ལོ་ཚུན་དུ་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་བརྒྱུད་རིམ་ནང་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་53%ལས་བརྒལ་ཡོད། ཟླ་དང་པོ་ནས་བཞི་པའི་བར་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་རིམ་རྩིས་བརྒྱབ་ན་ཁྲི་334.2སིལ་ཚོང་བྱས་པ་དེ་དུས་མཚུངས་ལས་37%འཕར་བ་དང་། ཁྲོམ་རར་སིམ་ཚད་48.4%ཟིན་ནས་2024ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་0.8འཕར་ཡོད་པ་རེད།
ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་བཞི་པའི་བར་བེད་མེད་དུ་བཏང་བའི་རླངས་འཁོར་ཕྱིར་བསྡུ་བྱེད་ཚད་ཁྲི་276.7ཟིན་པ་དེ་དུས་མཚུངས་ལས་65%འཕར་ཡོད་པ་རེད།