དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གིས“སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལུས་སེམས་བདེ་ཐང་གི་དོན་ཚན་ཉི་ཤུ”ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-21

    ཉིན་ཤས་གོང་། པེ་ཅིང་གྲོང་ཨུད་སློབ་གསོ་ཚན་རྩལ་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》སྟེ། “སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལུས་སེམས་བདེ་ཐང་གི་དོན་ཚན་ཉི་ཤུ”བཀྲམ་པ་རེད། ཞིབ་ཕྲའི་བྱ་ཐབས་20དེ་དག་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་མཉམ་འདྲེས་དང་། སློབ་གྲྭས་གཙོ་ཁྲིད་བྱེད་པ། ཁྱིམ་ཚང་གིས་གསོ་སྐྱོང་བྱེད་པ། སྤྱི་ཚོགས་ཞུགས་པ། རྩ་འཛུགས་ཀྱི་འགན་ལེན་བཅས་ཕྱོགས་5ལ་དམིགས་ཏེ་སློབ་མའི་ལུས་སེམས་བདེ་ཐང་ལ་གཞི་གཅིག་ཏུ་ཇུས་འགོད་དང་བཀོད་སྒྲིག་ཐོག་མར་བྱས་ཡོད།

    བསམ་འཆར་ནང་ནན་བཤད་བྱས་དོན། ལུས་རྩལ་སྦྱོང་བརྡར་ཁྲོད་ལུས་པོ་དང་སེམས་ཁམས་མཉམ་དུ་འཚར་ལོངས་ཡོང་བར་བྱེད་དགོས། ལུས་རྩལ་དང་བསམ་བློ་ཆབ་སྲིད་ཀྱིས་མི་སྣ་གསོ་སྐྱོང་བྱེད་པར་ནུས་པ་གལ་ཆེན་བཏོན་ནས་སློབ་ཚན་འཚོག་རིང་དང་། སློབ་གསེང་། སློབ་ཚན་གྲོལ་རྗེས་བཅས་ཀྱི་ཞབས་ཞུ་གཞི་གཅིག་ཅན་དུ་འཆར་འགོད་བྱས་ཏེ། ལས་ཀའི་གཙོ་གནད་དེ་སློབ་མའི་ལུས་རྩལ་གྱི་སྤྲོ་སྣང་དང་ལུས་རྩལ་གྱི་སྒུལ་ཤུགས་འཕེལ་བའི་ཐད་བཞག་ནས་ལུས་རྩལ་གྱིས་སློབ་མའི་གཟུགས་གཞི་བདེ་ཐང་དང་། སེམས་ཁམས་ཀྱི་ཐེག་ནུས། སྡུག་རུས་འཁྱོག་ནུས། ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་བཅས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་དགོས།

    བསམ་འཆར་ནང་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་རིམ་པ་གསུམ་གྱི་ལས་འགན་ཁ་གསལ་བཏོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱིས་ལུས་སེམས་བདེ་ཐང་གི་བྱང་ཚད་སྐྱེད་སྲིང་ལ་སྐུལ་འདེད་གཏོང་རྒྱུ་དེ་སློབ་གྲྭའི་འཚོ་བའི་ཁོར་ཡུག་ཧྲིལ་པོར་མཉམ་འདྲེས་བྱ་རྒྱུ་ཡིན་པ་སྟེ། སློབ་གྲྭའི་སྤྱི་པའི་ས་ཁོངས་སུ་སེམས་ཁམས་བློ་འདྲི་དང་། མཉམ་འགུལ་གྱང་། གནོན་ཤུགས་ཆུང་གཏོང་གི་སྒྲིག་ཆས་སོགས་བཟོ་རྒྱུར་སྐུལ་ལྕག་བྱས་ནས་ཧུར་སྐྱེད་ཡར་བརྩོན་དང་སྒོ་དབྱེ་བསྟུན་མཁས་ཀྱི་སློབ་གྲྭའི་རིག་གནས་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པ་སོགས་ཀྱིས་སློབ་མའི་ལུས་སེམས་བདེ་ཐང་གི་ཞབས་ཞུ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས“བདེ་ཐང་ཆེན་པོའི”སློབ་གསོའི་རྣམ་པ་ཆགས་པར་བྱེད་པ། སྲིད་གཞུང་དང་། ཁེ་ལས། སློབ་གྲྭ ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་བྱས་ནས་སློབ་མས་དྲ་རྒྱའི་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སྤྱོད་པར་མཉམ་དུ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་མ་དང་ཁྱིམ་བདག་གིས“བརྙན་བཅད་བྱ་སྤྱོད”མཉམ་དུ་སྤེལ་ནས་གློག་རྡུལ་ཐོན་རྫས་བསྟེན་དྲགས་རྒྱུ་མེད་པའི་སྐུལ་ལྕག་གཏོང་བ་སོགས། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱི་ཐོན་ཁུངས་མཐུན་སྦྱོར་བྱས་ནས་ས་ཁོངས་ཧྲིལ་པོའི་སྲུང་སྐྱོང་ལམ་སྲོལ་བཙུགས་ཏེ་སློབ་མ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་དེ་བས་ལེགས་པའི་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།