དུས་ཐེངས་གཉིས་པའི་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་བགྲོ་གླེང་འཛིན་གྲྭ་པེ་ཅིང་དུ་འཚོགས་པ།
ཟླ་5ཚེས་12ཉིན་ནས་ཚེས་17ཉིན་བར། དུས་ཐེངས་གཉིས་པའི་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་བགྲོ་གླེང་འཛིན་གྲྭ་པེ་ཅིང་དུ་འཚོགས་པ་རེད།
ད་ཐེངས་ཀྱི་བགྲོ་གླེང་འཛིན་གྲྭ་ནི《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གྲོས་འགོ》དང་། མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད། དེ་བཞིན《མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་སྤྱི་ཕན་འཆར་གཞི》བཅས་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། དེ་ནི་ཕྱི་འབྲེལ་པུས་གཙོ་གཉེར་དང་། ཆིང་ཧྭ་སློབ་ཆེན་གྱིས་གཉེར་འགན་ཁུར་བ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཞོགས་འདེགས་བྱས་པ་ཞིག་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་ས་ཁུལ་34ཡིས་སྒྲིག་འཛུགས་བྱས་པའི་འཐུས་མི་37གྱིས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འདྲ་མཉམ་ཀུན་ཕན་འཕེལ་རྒྱས་དང་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་འབྲེལ། པེ་ཅིང་གི་འབྲེལ་ཡོད་ཁེ་ལས་སུ་ལྟ་སྐོར་དང་འཚམས་འདྲིའང་བྱས་པ་རེད།