ཧྲན་ཏུང་ཆིང་ཀྲོའུ་རུ་ཕྱི་རྒྱལ་གྱི་མངགས་ཐོ་ཐོན་སྐྱེད་ལ་བྲེལ་བ།
ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཆིང་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཕྱི་རྒྱལ་ཚོང་དོན་ཁེ་ལས་མང་པོ་ཞིག་གིས་ནུས་ཤུགས་གང་ཡོད་བཏོན་ནས་མངགས་ཐོའི་ཐོན་རྫས་ཐོན་སྐྱེད་ལས་ལ་བྲེལ་ཏེ་རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོ་སྐོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཆིང་ཀྲོའུ་གྲོང་ཁྱེར་གྱིས་ཕྱི་རྒྱལ་གྱི་ཚོང་དོན་ཁེ་ལས་ལ་ལག་རྩལ་ལེགས་བཅོས་དང་གསར་གཏོད་ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ལག་རྩལ་གསར་པ་ནང་འདྲེན་དང་སྒྲིག་ཆས་གསར་པ་སྒྲིག་སྦྱོར་བྱས་ནས། ཁེ་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་དང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་རེད།
འདི་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཞིང་འཕྲུལ་བཟོ་མཁན་ཁེ་ལས་ཆེ་གྲས་ཤིག་ཏུ་ཨུ་རུ་སུར་ཕྱིར་གཏོང་བྱེད་པའི་འདྲུད་འཐེན་འཁོར་ལོར་ཞིབ་བཤེར་བྱེད་བཞིན་པ།