རྨང་གཞི་བརྟན་གཏོང་། ཁྱབ་རྒྱ་ཆེར་གཏོང་། ཕན་འབྲས་མཐོར་གཏོང་།
ལྷ་ས་གྲོང་ཁྱེར་གྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི“ཁྱབ་པ་གཉིས”ལ་དེ་བས་ཕན་འབྲས་ལྡན་པར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་གྲོང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས“ཁྱབ་པ་གཉིས”ལ་སྐུལ་འདེད་གཏོང་རྒྱུ་དེ་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་མཐིལ་རྟོགས་གྲལ་བཤེར་དང་ཕུགས་ཕན་ཅན་གྱི་སྒོ་ནས་དཀའ་གནད་ཐག་གཅོད་བྱས་ཏེ། གཙོ་གནད་རྩ་འཛུགས་དང་། གཙོ་གནད་ས་ཁོངས། གཙོ་གནད་ལས་རིགས། གཙོ་གནད་ཚོགས་སྤྱི་བཅས་ནས་འགོ་བརྩམས་ཏེ་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་གི་འབོད་སྐུལ་ནུས་པ་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གསར་དར་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་རེད།
ལྷ་ས་གྲོང་ཁྱེར་གྱིས་མ་ལག་འཁོར་རྒྱུག་འཐུས་སྒོ་ཚང་དུ་དང་ལེགས་སུ་གཏོང་བ་ནས་འགོ་བརྩམས་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་སྦྱོར་འབྲེལ་གཏུག་ལམ་སྲོལ་སྣ་ཚོགས་གང་ལེགས་སྤྱད་དེ་གྲོང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱི་སྤྱི་འདོམས་མཐུན་སྦྱོར་དང་། ལས་རིགས་སྡེ་ཚན་གྱི“ལས་རིགས་དོ་དམ་བྱེད་དགོས་ལ་ཏང་འཛུགས་སྐྱོང་ལའང་དོ་དམ་བྱེད་དགོས་པ” ཁོངས་གཏོགས་ཁུལ་གྱི་ཐ་སྐྱོང་དོ་དམ་བྱེད་པ་བཅས“འགན་འཁྲི་གསུམ”ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ནུས་ཆེའི་མཐུན་སྦྱོར་དང་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ས་ཁོངས་ཡོངས་གཅིག་གྱུར་དོ་དམ་གྱི་ལས་ཀའི་རྣམ་པ་རྒྱུན་ཆད་མེད་པར་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ་རེད། གྲོང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱི་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་དགོས་མཁོར་གཞིགས་ནས་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་14གསར་གཉིས་ལས་དོན་ཨུ་ལྷན་གྱི་ཁོངས་མིའི་ཚན་པར་ལེགས་སྒྲིག་དང་ཕུན་སུམ་ཚོགས་སུ་བཏང་བ་དང་། ལས་རིགས་ཁག་གི་ཏང་ཨུད་ཀྱི་ཁོངས་མི་32ལེགས་སྒྲིག་དང་ཁ་གསབ་བྱས་པ། གསར་གཉིས་ལས་དོན་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ་ཞིབ་འཇུག་གཏན་འབེབས་བཅས་བྱས་ཏེ། ལམ་ལུགས་དང་ལམ་སྲོལ་ཐོག་ནས“ཁྱབ་པ་གཉིས”ཀྱི་ལས་འགན་དམ་འཛིན་བྱེད་མཁན་ཡོད་པའི་འགན་ལེན་བྱས་པ་རེད། དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་འདོན་སྤེལ་བྱས་ཏེ“ཁྱབ་པ་གཉིས”དེ་གསར་གཉིས་རྩ་འཛུགས་ལས་རིགས་ཀྱི་ཏང་ཨུད་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་སྙན་ཞུའི་དཔྱད་ཞིབ་དང་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དམིགས་ཚད་མ་ལག་ནང་བཅུག་ནས། ལས་འགན་སྒྲུབ་ཚུལ་སྙན་ཞུའི་དཔྱད་ཞིབ་འབྲས་བུ་གྲོང་ཨུད་རྩ་འཛུགས་པུའུ་ལ་བརྡ་ཁྱབ་བཏང་ནས་ལས་རིགས་ཁག་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལས་སྒོའི་གཙོ་སྐྱོང་སྡེ་ཚན་གྱི་ཏང་ཙུའི་ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་ཏན་ཏིག་འཁུར་བར་སྐུལ་འདེད་བཏང་བ་རེད། གཙོ་གནད་ས་ཁོངས་ཀྱི“ཁྱབ་པ་གཉིས”ཀྱི་བཀོད་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྫོང་དང་ཆུས་ཁག་དང་ཤང(གྲོང་རྡལ་དང་ཁྲོམ་གཞུང་ཁག)ཁག་གི་གཙོ་གནད་རྩ་འཛུགས་ལ་དུས་བཀག་བཀོད་གཏོང་གྲོས་མོལ་དང་དབྱེ་ཞིབ་བརྡར་གཅོད་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཐ་སྐྱོང་དོ་དམ་འགན་འཁྲི་ཏན་ཏིག་འཁུར་ཡོད་པ་རེད།
མིག་སྔའི་བར། གྲོང་ཁྱེར་ཡོངས་ལ་ཁྱོན་བསྡོམས“ཡོད་པ་གསུམ”གྱི་ཚད་གཞི་ལྡན་པའི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་831ཡོད་པ་དང་། ཏང་རྩ་འཛུགས་717ལ་ཁྱབ་པ་དང་ཁྱབ་ཚད86.3%ཟིན་ཡོད། སྤྱི་ཚོགས་རྩ་འཛུགས་དང་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་ཡོད་པ་རེད།
གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་ས་ཁོངས་དང་། གཙོ་གནད་ལས་རིགས། གཙོ་གནད་ཚོགས་སྤྱི་བཅས་རིམ་དབྱེ་རིགས་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲལ་བཤེར་བྱེད་ཞོར་དུ་འཛུགས་སྐྱོང་དང་། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་བྱས་ནས་འཛུགས་སྐྲུན་དང་། ཡུག་ཁུལ་མཉམ་སྐྲུན། ལས་རིགས་ཁོངས་གཏོགས་འཛུགས་སྐྲུན་སོགས་ཀྱི་རྣམ་པ་བརྒྱུད་ཏང་རྩ་འཛུགས་འཛུགས་དགོས་རིགས་ཚང་མ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། གཙོ་གནད་ས་ཁོངས་སུ་མཐོ་གསར་ལག་རྩལ་ཁུལ་དང་། དཔལ་འབྱོར་གསར་སྤེལ་ཁུལ། རིག་གནས་བསམ་བཀོད་གླིང་བཅས་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་ཏང་ཨུད་གསུམ་བཙུགས་པ་དང་། ཁོངས་གཏོགས་ཀྱི“ཡོད་པ་གསུམ”གྱི་ཚད་གཞིའི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ལ་ཏང་རྩ་འཛུགས་139བཙུགས་པ་དང་ཁྱབ་ཚད་97%ཟིན་ཡོད། གཙོ་གནད་ལས་རིགས“ཕྲན་ཚེགས་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་བ། ཆེད་ལས་ཁྲོམ་ར” ཁྲིམས་རྩོད་པའི་ལས་དོན་ཁང་། སྡེ་ལས། དམངས་གཉེར་སློབ་གསོའི་སྒྲིག་གཞི་སོགས་སུ་ལས་རིགས་ཏང་ཨུད་10བཙུགས་པ་དང་ལས་རིགས་རང་བཞིན་གྱི་ཏང་རྩ་འཛུགས་ཁག་107བཙུགས་པ་དང་། གཙོ་གནད་ཚོགས་སྤྱིར་དམིགས་ནས། ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་དང་། ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་V(ས་ཚིགས་e)ལ་བརྟེན་ནས་ལེགས་སྒྱུར་ལེགས་སྒྲིག་དང་། རིམ་སྤོར་སོགས་ཀྱི་བྱ་ཐབས་སྤྱད་དེ་ས་ཚིགས་གསར་པ་150ལྷག་ཙམ་བསྐྲུན་ནས་ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་གཅིག་སྒྲིལ་ཏན་ཏིག་བྱས་ཡོད།
2024ལོར་གྲོང་ཁྱེར་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་རྩ་འཛུགས་སྣ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་827ལས་ཞུགས་ཐུབ་པ་དེས་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་ལས་ཞུགས་སློབ་གྲྭ་ཆེ་མོ་བའི་བསྡོམས་འབོར་གྱི་20.5%བཟུང་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།